མཚོ་ལྷོ་ཁུལ་གྱིས་གཡག་རྔའི་ས་འགུལ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-23 15:04:00 ཀློག་གྲངས།:


མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སི་ཁྲོན་གཡག་རྔའི་ས་འགུལ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བའི་མཛད་སྒོ།

        ཟླ4བའི་ཚེས23ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སི་ཁྲོན་གཡག་རྔའི་ས་འགུལ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བའི་བྱ་འགུལ་སྤེལ་ཞིང་། ཏང་སྲིད་འགོ་ཁྲིད་སོ་སོ་དང་། ཁུལ་གཏོགས་ལས་ཁུངས། ཁེ་ལས་ལས་རིགས་སོགས་ཀྱི་ལས་སྒྲུབ་མི་སྣས་རང་འགུལ་གྱིས་གཡག་རྔའི་ས་འགུལ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བ་དང་། དངོས་ཡོད་ལག་ལེན་ལ་བརྟེན་ནས་རང་ཉིད་ཀྱི་དྲོད་ཁོལ་དང་བྱམས་སེམས་ཙག་ཙིག་བརྒྱུད་སྤྲོད་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སི་ཁྲོན་གཡག་རྔའི་ས་འགུལ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བ།
ཞལ་འདེབས་ཕུལ་བཞིན་པ།

ཞལ་འདེབས་ཕུལ་བཞིན་པ།

        དེ་ཡང་ཚེས20ཉིན། སི་ཁྲོན་གཡག་རྔ་གྲོང་དུ་ཚད་རིམ7.0ཡི་ས་འགུལ་བྱུང་ནས་གནོད་འཚེ་ཆེན་པོ་ཐེབས། ས་འགུལ་བྱུང་རྗེས།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མྱུར་དུ་ཁུལ་ཡོངས་ཏང་སྲིད་སྡེ་ཁག་དང་། ཁེ་ལས་ལས་རིགས། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བྱམས་ལྡན་མི་སྣ་སོགས་ལ་སྐུལ་སློང་སྒོས་ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན། ཚང་མས་མཉམ་སེལ་བྱེད་པའི་འདུ་ཤེས་བཟུང་ནས་ཞལ་འདེབས་ཕུལ་བ་དང་། ས་འགུལ་གནོད་ཁུལ་གྱི་མི་དམངས་ལ་ཁྱིམ་གཞིས་གསར་སྐྲུན་བྱེད་པར་རོགས་རམ་དང་། ཐོན་སྐྱེད་འཚོ་བ་མྱུར་དུ་སླར་གསོ་བྱེད་ཅིང་། ས་འགུལ་གནོད་ཐེབས་མྱུར་སྐྱོབ་བྱེད་པར་ནུས་པ་གང་ཡོད་འདོན་གྱི་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།