ཤི་ལོག་སྒྲོལ་མས་གླིང་ཆེན་ཨེ་ཤ་ཡའི་རང་མོས་འཇུ་རེས་གཟེངས་ཐོན་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-24 09:54:00 ཀློག་གྲངས།:

西洛卓玛
བོད་རིགས་ལུས་རྩལ་པ་ཤི་ལོག་སྒྲོལ་མ།

  ཟླ4པའི་ཚེས21ཉིན། རྒྱ་གར་ནས་བསྡུས་པའི་གླིང་ཆེན་ཨེ་ཤ་ཡའི་རང་མོས་འཇུ་རེས་གཟེངས་ཐོན་འགྲན་སྡུར་ཁྲོད། ཀྲུང་གོའི་སྐྱེས་མའི་འཇུ་རེས་རུ་ཁག་གི་ཚབ་བྱས་ནས་འགྲན་སྡུར་ལ་ཞུགས་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་ཤི་ལོག་སྒྲོལ་མ་ལགས་ཀྱིས་སྤྱི་རྒྱ63རིམ་པའི་རང་མོས་འཇུ་རེས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ་རེད།
  ཉེ་བའི་ལོ་ནང་། ཤི་ལོག་སྒྲོལ་མས་བརྩོན་པ་ཆེར་བསྐྱེད་དང་དཀའ་བ་ཁྱད་བསོད་སྒོས་སྦྱོང་བརྡར་བྱས་པར་བརྒྱུད། འགྲན་སྡུར་གྱི་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ནས། ཕུལ་དུ་བྱུང་བའི་ལུས་རྩལ་པ་ཞིག་ཏུ་གྱུར་འདུག 
 ཤི་ལོག་སྒྲོལ་མས2011ལོའི་ཡེ་སི་ཏཱན་པའོ་ཨར་ནས་བསྡུས་པའི་འཛམ་གླིང་གི་འཇུ་རེས་གཟེངས་ཐོན་འགྲན་བསྡུར་གྱི་སྤྱི་རྒྱ67རིམ་པའི་སྐྱེས་མའི་རང་མོས་འཇུ་རེས་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་ཅིང་། དེས་ཁོ་མོའི་ནུས་རྩལ་དེ་འཛམ་གླིང་གི་ཆུ་ཚད་དུ་སོན་ཡོད་པ་མངོན་པར་མཚོན་པ་རེད།
  རྒྱལ་ཁབ་ལུས་རྩལ་སྤྱི་ཅུའུ་ཡིས་ཤི་ལོག་སྒྲོལ་མ་ལ2011ལོའི་ལུས་རྩལ་སྦྱོང་བརྡར་གྱི་མཚན་སྙན་གཟེངས་རྟགས་གནང་རྗེས། 2012ལོར་ཁོ་མོར་ལུས་རྩལ་གྱི་སྐྱེས་མཆོག་ཅེས་པའི་མཚན་སྙན་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།