2013ལོར་བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི8ལག་བསྟར་བྱེད་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-01 10:19:00 ཀློག་གྲངས།:

              ཉེ་ཆར། 2013ལོར་བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི8རྩ་འཛུགས་དང་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི26540དངོས་འབེབས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་རྒྱུ་རེད།
              རྒྱུས་ལོན་བྱུང་བ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་ལས་གཞི་ཀྱི་ཁོངས་སུ་ལྷ་སའི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཕན་ནུས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་གྱི་དུས་རིམ་དང་པོའི་ལས་གྲྭ་དང་། ཁོར་ཡུག་སྲུང་སྐྱོབ་ནུས་པའི་འཛུགས་སྐྲུན་ལས་གཞི། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཁོར་ཡུག་མཁོ་བསྟུན་ཕྱོགས་བསྡུས་འགན་སྲུང་ལས་སྒོར་སྤྱོད་པའི་ཁང་བའི་ལས་གཞི། ལྷ་སའི་ཉེ་འཁོར་གྱི་བརླན་སའི་སྲུང་སྐྱོབ་དང་སླར་གསོའི་ལས་གཞི། གནམ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི། གྲོང་རྡལ་གྱི་འཐུང་ཆུའི་མགོ་ཁུངས་ཁོར་ཡུག་སྲུང་སྐྱོབ་ལས་གཞི། ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་མ་ཡུར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་གི་བརླན་སའི་ཚོད་ལྟའི་ལས་གཞི་སོགས་འདུས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།