པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》ཞེས་པ་ཨ་རིའི་ཉིག་ཡོ་རུ་གཏོང་ལ་ཉེ།
པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》།
རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས15ནས་ཚེས21བར། པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》ཞེས་པ་ཨ་རིའི་ཉིག་ཡོMOMA(དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང)དུ་གཏོང་རྒྱུ་ཡིན་པ་མ་ཟད། འགྲེམ་གཏོང་གི་ཡུལ་དངོས་འབྲེལ་འདྲིས་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་འཆར་ཡོད་པ་རེད།
ཁོང་གིས་བསྟན་རྒྱུར། ན་ནིང་ཨ་རི་ནས་ལོ་གཅིག་དང་། ད་ལོར་འདི་གར་སེམས་ལྷོད་བའི་ངང་ལས་དོན་ཕྲན་ཙམ་སྒྲུབ་སྙམ་ནའང་། བསམ་ཡུལ་འདས་པ་ཞིག་ལ་ཡང་དེ་མུར་ཕྱིར་ཨ་རིར་འགྲོ་དགོས་པ་བྱུང་།
《ཁྱི་རྒན》ཞེས་པའི་གློག་བརྙན་འདིའི་ནང་བོད་རིགས་རྒན་པོ་ཞིག་དང་འབྲོག་ཁྱི་བར་གྱི་བརྩེ་སེམས་བརྗོད་ཀྱི་ཡོད་ཅིང་། སྐབས12པའི་ཏུང་ཅིནFilmexརྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཆེས་ལེགས་པའི་གློག་བརྙན་བྱ་དགའ་དང་། ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཡ་གླིང་གྲངས་འབྲེལ་འགྲན་བསྡུར་དུ་གསེར་གྱི་རྟགས་མ་སོགས་བྱ་དགའ་གང་མང་ཐོབ་མྱོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com