ཟླ་བ་ཐར་ལ་སྐབས་བཅུ་དྲུག་པའི“མཚོ་སྔོན་གྱི་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ།
ཟླ་བ་ཐར་ལ་སྐབས་བཅུ་དྲུག་པའི“མཚོ་སྔོན་གྱི་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ།
ཟླ5བའི་ཚེས3ཉིན། སྐབས་བཅུ་དྲུག་པའི“མཚོ་སྔོན་གྱི་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཞེས་པའི་དཔྱད་འདེམ་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། ན་གཞོན་ཕུལ་བྱུང་ཅན10ལ་ཐེངས་འདིའི་གཟེངས་རྟགས་ཐོབ་པ་རེད། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་སྡེ་བའི་སྡེ་ཁག་གཉིས་པའི་ཁག་གཙོའམ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་སྡེ་བའི་དགོ་དམར་སྲུང་སྐྱོབ་དང་བླངས་སྐོར་སྐྱོད་རུ་ཁག་གི་རུ་གཙོ་ཟླ་བ་ཐར་ལ“མཚོ་སྔོན་གྱི་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ།
ཟླ་བ་ཐར་རང་ལོ་ཉི་ཤུ་ལྷག་གི་དུས་ནས་བཟུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་ལ་གཞོལ་ཞིང་། སྡེ་བའི་ནང་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དང་བླངས་པ་ཐོག་མ་རུ་གྱུར། 2008ལོའི་ཟླ5བར། སྡེ་བ་རུ་ཀྲུང་ཧྭ་ དགོ་དམར་དང་བླངས་སྐོར་སྐྱོད་རུ་ཁག་བཙུགས་རྗེས་ཁོ་ནི་རུ་གཙོ་ལ་བདམས་ཏེ་སྲོག་ཆགས་ལ་སྐོར་སྐྱོད་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་རྟོགས་ཞིབ་ཀྱི་བྱ་བ་སྒྲུབ་པར་སྣེ་ཁྲིད་ཅིང་། ལོ་ངོ20ལྷག་གི་འབད་བརྩོན་བརྒྱུད། ཟླ་བ་ཐར་གྱི་བྱ་བར་རྒྱལ་ཁབ་ཀྱིས་ལྟ་རྟོགས་བྱས་པ་དང་། 2011ལོར་རྒྱལ་ཡོངས་ཕུལ་བྱུང་དང་བླངས་པ་དང་ཕུལ་བྱུང་དང་བླངས་པ་ཞབས་ཞུའི་རྩ་འཛུགས་དྲ་ཐོག་མཚམས་སྦྱོར་བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ་ལ། ཟླ་བ་ཐར་ནི་དྲ་དམངས་རྣམས་ཀྱིས་བདམས་ཐོན་བྱུང་སྟེ་རྒྱལ་ཡོངས་ཕུལ་བྱུང་དང་བླངས་པ100ཡི་གྲས་ཤིག་ཏུ་གྱུར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com