《ཟངས་ལས་བྱུང་བའི་བྱིན་མཐུ》ཞེས་པའི་ནང་བསྟན་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་བྱེད་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-06 14:29:00 ཀློག་གྲངས།:


《ཟངས་ལས་བྱུང་བའི་བྱིན་མཐུ》ཞེས་པའི་ནང་བསྟན་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་འགོ་ཚུགས་པ།
《铜的神性》白度母
འབུར་བརྐོས་བརྩམས་ཆོས《སྒྲོལ་མ་དཀར་མོ》།

འབུར་བརྐོས་བརྩམས་ཆོས《པཎ་ཆེན་སྐུ་ཕྲེང་བཅུ་བ》།

  ཟླ5པའི་ཚེས3ཉིན། བོད་བརྒྱུད་ནང་བསྟན་གྱི་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་ཏེ《ཟངས་ལས་བྱུང་བའི་བྱིན་མཐུ》ཞེས་པ་ཁྲིན་ཏུའུ་དགེ་འོས་སློབ་གླིང་དུ་སྤེལ་བ་རེད། ཐེངས་འདིའི་འགྲེམ་སྟོན་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་དགེ་འོས་སློབ་གླིང་གི་མཛེས་རྩལ་ཚན་ཁག་གིས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། ཟླ5པའི་ཚེས15ཉིན་བར་དུ་སྤེལ་རྒྱུ་རེད།
  འགྲེམ་སྟོན་སྟེང་བཀྲམ་པའི་ཟངས་སྐུ་དང་འབུར་བརྐོས་ལ《གསལ་བྱེད་སུམ་བཅུ》དང《པཎ་ཆེན་སྐུ་ཕྲེང་བཅུ་བ》། 《སྒྲོལ་མ་དཀར་མོ》སོགས་ཀྱི་བརྩམས་ཆོས་ཡོད་ཅིང་། ཐེངས་འདིའི་འགྲེམ་སྟོན་ཁྲོད་ཀྱི་བརྩམས་ཆོས་བརྒྱ་ལྷག་ནི་དགེ་རྒན་ཆེན་མོ་བློ་རྒྱལ་ཚེ་རིང་ལགས་ཀྱི་བགྲང་བྱ་བཅུ་ལྷག་གི་རིང་ལ་དཀའ་སྤྱད་སྡུག་རུས་བྱས་ནས་བརྩམས་པ་རེད།


ཟངས་ལས་བཟོས་པའི་བོད་ཀྱི་བུ་རྒོད།

ཟངས་ལས་བཟོས་པའི་བོད་ཀྱི་བུ་མོ།

དགེ་རྒན་ཆེན་མོ་བློ་རྒྱལ་ཚེ་རིང་ལགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།