ཡོངས་འཛིན་འཚོལ་བཤེར་ལ་རྒྱ་བོད་སྤོ་འགུལ་བེད་སྤྱོད་སྒྲིག་རིམ་ལེགས་འདེམ་བྱ་འགུལ་གྱི་བྱ་དགའ་ཐོབ།
སྤྱི་ཟླ11པའི་ཚེས27ཉིན། རྒྱ་བོད་སྐད་གཉིས་སྤོ་འགུལ་བེད་སྤྱོད་སྒྲིག་རིམ་ལེགས་འདེམ་བྱ་འགུལ་དཔྱད་བཤེར་བྱ་བའི་གྲོས་ཚོགས་དེ་ཁྲིན་ཏུའུ་བོད་ལྗོངས་གསོལ་ཁང་དུ་བསྡུས་ཤིང་། ཐེངས་འདིའི་བྱ་འགུལ་དུ་བསྡོམས་པས་རྒྱ་བོད་སྐད་གཉིས་ཀྱི་ཕུལ་བྱུང་བརྩམས་ཆོས20བདམས་པ་དང་། དེ་ལས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནི་དྲ་རྒྱའི་བེད་སྤྱོད་ལག་ཆས་རིགས་ཀྱི་བརྩམས་ཆོས་ཆ་ནས་ལས་གཞི་འདིའི་བྱ་དགའ་ཐོབ་པ་རེད།
བྱ་དགའ་ཐོབ་པའི་མིང་ཐོ་གཤམ་གསལ་ལྟར།
གསར་སྐྲུན་གསར་འདོན་གྱི་རིགས། ནད་སྟོན་པང་། གངས་ཡིད་སློབ་གསོ། བོད་དབྱིན་ཡིག་སྒྱུར་མ་ལག བོད་ལྗོངས་ཆ་འཕྲིན་འཕྲིན་གཏོང་། བོད་ཀྱི་རིག་གནས་སྒྲ་མཛོད་མཉམ་སྤྱོད་སྟེགས་བུALUNG-FM།
འཚོ་བའི་ཞབས་ཞུའི་རིགས། ཤམ་བྷ་ལ་སྤྱོད་སྣེ། སྤྲོ་བསྐྱེད་ཆ་འཕྲིན་བོད་རྒྱ་སྐད་གཉིས་པར་གཞི། གངས་ལྗོངས་ཉི་གཞོན་གསར་འགྱུར། བོད་ལྗོངས་ཉིན་རེའི་ཚགས་པར། ནཱ་རོ་གནམ་གཤིས།
སྤྲོ་གསེང་རིག་བསྐྱེད་ཀྱི་རིགས། གངས་ལྗོངས་དུས་དེབ། མཛེས་ཕབ། བོད་སྐད་རྒྱང་སྒྲོག བོད་ཀྱི་གློག་བརྙན། དྲི་ཟའི་རོལ་དབྱངས་སྤྱོད་སྣེ།
བེད་སྤྱོད་ལག་ཆས་ཀྱི་རིགས། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག དུང་དཀར་བོད་ཡིག་གཏག་ཐབས། ཐག་རག་ཡིག་སྒྱུར་མ་ལག བོད་རྒྱའི་སྐད་བསྒྱུར། བོད་རྒྱ་རིག་ནུས་སྐད་གདངས་ཡིག་སྒྱུར་མ་ལག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།