སྐབས་དང་པོའི་ཀརྨ་བི་ཤྭ་བུམ་པའི་གདན་འགྲེམ་དང་ཐང་ག་སྒྱུ་རྩལ་གྱི་གླེང་སྟེགས་སྤེལ་ལ་ཉེ།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དང་པོའི་ཀརྨ་བི་ཤྭ་བུམ་པའི་ཕུལ་བྱུང་ན་གཞོན་ཐང་ག་སྒྱུ་རྩལ་པའི་བརྩམས་ཆོས་གདན་འགྲེམ་དང་ཐང་ག་སྒྱུ་རྩལ་གྱི་གླེང་སྟེགས་དེ་ཟླ5བའི་ཚེས16ནས་ཚེས18བར་ཁྲིན་ཏུའུ་གྲོང་ཁྱེར་ལྷོ་ནུབ་མི་རིགས་སློབ་ཆེན་ལུས་རྩལ་ཁང་དུ་སྤེལ་རྒྱུ་ཡིན་ཞིང་། ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲིན་ཞིང་ཆེན་རིག་གནས་ཐིན་གྱིས་གཙོ་སྒྲུབ་དང་། སི་ཁྲོན་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲིན་ཀརྨ་བི་ཤྭ་གངས་ཅན་སྒྱུ་རྩལ་རིག་གནས་དར་སྤེལ་ཚད་ལྡན་མཐུན་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་གནང་།
བྱ་འགུལ་དུ་བསྡོམས་པས་སི་ཁྲིན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ་སོགས་བོད་ཁུལ་གྱི་བོད་རིགས་དང་རྒྱ་རིགས་ཐང་ག་སྒྱུ་རྩལ་པ60ལྷག་ཞུགས་ཡོད་ཅིང་། འགྲན་ཞུགས་ཐང་གའི་བརྩམས་ཆོས130ལྷག་འདུས། དེ་མིན་ད་དུང་ཕུལ་བྱུང་བོད་ཀྱི་ཡིག་གཟུགས་དང་བོད་ཀྱི་ལག་བཟོའི་ཐོན་རྫས་ཀྱང་འགྲེམ་པ་ཡིན། དེ་ཡང་ཕུལ་དུ་བྱུང་བའི་ན་གཞོན་ཐང་ག་སྒྱུ་རྩལ་པར་སྐུལ་ལྕག་ཐེབས་པར། ཐེངས་འདིའི་སྒྱུ་རྩལ་འགྲེམ་སྟོན་དུ་ལས་རིགས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་དཔྱད་བཤེར་བྱས་ཏེ་མཐར་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་བྱ་དགའ་བཅས་བདམས་ཐོན་བྱེད་པ་མ་ཟད། ཐང་ག་སྒྱུ་རྩལ་གྱི་རིག་གཞུང་གླེང་སྟེགས་ཀྱང་དུས་མཉམ་དུ་སྤེལ་རྒྱུ་ཡིན་ཞིང་། གཙོ་ཆེར་ཐང་ག་སྒྱུ་རྩལ་གྱི་རིག་གནས་མ་རྐང་འཚོལ་ཞིབ་ཀྱིས་ཐང་ག་སྒྱུ་རྩལ་དུས་ལྟར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com