མཚོ་སྔོན་གངས་དཀར་ཡ་གླིང་གངས་ཤུད་རི་འཛེག་འབྲེལ་ཚོགས་སྤེལ་ལ་ཉེ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-15 10:28:00 ཀློག་གྲངས།:

མཚོ་སྔོན་གངས་དཀར་ཡ་གླིང་གངས་ཤུད་རི་འཛེགས་འབྲེལ་ཚོགས་སྤེལ་བ་ཉེ།

        རྒྱུས་ལོན་པ་ལྟར་ན། 2013ལོའི་མཚོ་སྔོན་གངས་དཀར་ཡ་གླིང་གངས་ཤུད་རི་འཛེག་འབྲེལ་ཚོགས་ཟླ5བའི་ཚེས28ནས་ཟླ6པའི་ཚེས5བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གངས་དཀར་རི་བོར་སྤེལ་རྒྱུ་ཡིན་ཞིང་། དུས་དེར་ཁོ་རེ་ཡ་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་གངས་ཤུད་རི་འཛེག་པ་སོགས་བསྡོམས་པས་མི60ལྷག་ཞུགས་པ་རེད།
        ཟླ5བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གངས་དཀར་གངས་ཤུད་རི་འཛེག་འབྲེལ་ཚོགས་ནི2007ལོ་ནས་བཟུང་ཀྲུང་གོའི་རི་འཛེག་མཐུན་ཚོགས་ཀྱིས་དེང་རབས་རི་འཛེག་ལུས་རྩལ་འཕེལ་རྒྱས་ཀྱི་གནས་སྟངས་ལ་གཞིག་སྟེ་སྤེལ་བའི་ལས་གཞི་གསར་བ་ཞིག་ཡིན་ཞིང་། འདས་པའི་ལོ་གཉིས་སུ་མཚོ་སྔོན་གངས་དཀར་ས་ཁུལ་དུ་སྤེལ་བའི་རྒྱལ་ཡོངས་གངས་ཤུད་རི་འཛེག་འབྲེལ་ཚོགས་ནི་ལས་གཞི་འདི་རང་རྒྱལ་དུ་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་ཀྱི་དཀྱོགས་མཚམས་ཤིག་ཏུ་སྣང་ལ། ཡ་གླིང་གངས་ཤུད་རི་འཛེག་འབྲེལ་ཚོགས་ལ་རྨང་བརྟན་པོ་ཞིག་བཏིངས་པར་ཡང་ངེས་སོ།།
        རུ་ཁག་རྣམས་ཚེས28ཉིན་ཟི་ལིང་མཁར་དུ་འཛོམས་པ་དང་། ཚེས29ཉིན་མཚོ་ངོས་ཀྱི་མཐོ་ཚད་ལ་སྨི3800ཡོད་པའི་བར་བརྒལ་སྒར་གནས་སུ་བསྐྱོད་དགོས་ཤིང་། དེའི་ཕྱི་ཉིན་དགེ་རྒན་གྱི་སྣེ་ཁྲིད་འོག་བར་བརྒལ་སྒར་གནས་ནས་སྨི4350ཡི་སྒར་སར་འཛེག་དགོས། དེའི་རྗེས་ཀྱི་ཉིན་འགའི་ནང་རུ་ཁག་རྣམས་ཀྱིས་སྨི4350ནས་སྨི5000ཡི་མཐོ་ཚད་ཀྱི་བར་དུ་གངས་ཤུད་རི་འཛེག་ནུས་རྩལ་དང་། མར་ཤུད་ཀྱི་ནུས་རྩལ། དར་གས་མྱུར་སྐྱོབ། གངས་ཉིལ་མྱུར་སྐྱོབ་སོགས་ཀྱི་ཐད་ནས་སྦྱོང་བརྡར་དང་འབྲེལ་འདྲིས་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།