མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་ཟླ8པར་སྤེལ་ངེས།

རྩོམ་པ་པོ།:གཡུ་ཚ་མཁའ་འགྲོ་སྐྱེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-15 15:55:00 ཀློག་གྲངས།:

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རླུང་འཕྲིན་ཚོང་ར་རྟགས་མའི་མདོ་ཁམས་
  ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བ་ཟླ8པར་སྤེལ་རྒྱུ་ཡིན་པ།
  

        བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་དམངས་ཁྲོད་ཀྱི་ཕུལ་བྱུང་རྡུང་ལེན་པ་མང་པོ་སྐྱེད་སྲིང་བྱེད་ཆེད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བ་དེ2013ལོའི་ཟླ8པ་ནས་ཟླ10བའི་བར་སྤེལ་རྒྱུ་རེད།
        རེབ་འདིའི་འགྲན་སྡུར་ནི་མཚོ་སྔོན་རླུང་འཕྲིན་ཚོང་རའི་ཡན་ལག་ཁང་སོ་སོ་ནས་མ་དངུལ་བཏང་སྟེ་བསྒྲུབས་པ་ཡིན། ཐེངས་འདིའི་འགྲན་སྡུར་ལ་གྲ་སྒྲིག་བཟང་པོ་དང་འགྲན་སྡུར་གྱི་ལས་འགུལ་སྣ་ཚོགས་ལེགས་འགྲུབ་ཡོང་ཆེད་འབྲེལ་ཡོད་ཀྱི་དོན་ཚན་འགའ་ཁྱབ་བསྒྲགས་བྱེད་པ་གཤམ་གསལ་ལྟར།
དང་པོ། འགྲན་སྡུར་ལ་ཞུགས་པའི་ཆ་རྐྱེན།
གཅིག གླུ་ཚིག་གི་ནང་དོན་ཡར་ཐོན་ཡིན་དགོས།
གཉིས། གླུ་ཚིག་གསར་བ་ཡིན་དགོས།
གསུམ། དབྱངས་གསར་བ་ཡིན་དགོས།
བཞི། རོལ་ཆས་བོད་ཀྱི་སྒྲ་སྙན་འབྲུག་མགོ་མ་ཡིན་དགོས།
གཉིས་པ། བྱ་དགའི་རྣམ་གྲངས། ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཅུ་བཅས་གདམ་རྒྱུ་ཡིན།
གསུམ་པ། དགའ་རྟགས། ཨང་དང་པོ་ལ་སྒོར་ཁྲི་གཅིག་དང་བྱ་དགའི་དཔང་ཡིག ཨང་གཉིས་པ་ལ་སྒོར་སྟོང་བརྒྱད་རེ་དང་བྱ་དགའི་དཔང་ཡིག ཨང་གསུམ་པ་ལ་སྒོར་སྟོང་གསུམ་རེ་དང་བྱ་དགའི་དཔང་ཡིག ཕུལ་བྱུང་བྱ་དགའ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྲ་སྡུད་འཕྲུལ་ཆས་རེ་དང་བྱ་དགའི་དཔང་ཡིག་བཅས་སྟེར་རྒྱུ་ཡིན།
བཞི་བ། འགྲན་ཞུགས་དུས་རིམ་ནི། ཐེངས་འདིའི་འགྲན་སྡུར་ལ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་དུས་རིམ་གསུམ་དུ་བགོས་ཡོད།
ལྔ་བ། འགྲན་ཞུགས་གླུ་བ་གླུ་མ་གདམ་ཐབས་ནི། མཚོ་ལྷོ་འགྲན་ཁུལ་དང་རྨ་ལྷོ་འགྲན་ཁུལ། མགོ་ལོག་འགྲན་ཁུལ། མཚོ་ནུབ་འགྲན་ཁུལ། ཀན་ལྷོ་འགྲན་ཁུལ། རྔ་བ་འགྲན་ཁུལ། དཀར་མཛེས་འགྲན་ཁུལ་བཅས་འགྲན་ཁུལ་བདུན་ཡོད་པ་དང་། འགྲན་ཁུལ་དེ་དག་ནས་ཐོག་མའི་འགྲན་སྡུར་ལ་ཞུགས་པའི་རྡུང་ལེན་པ་དག་འགྲན་སྡུར་གྱི་བསྡུར་ཚད་ལྟར་རྟིང་རྩོད་འགྲན་སྡུར་ལ་ཞུགས་རྒྱུ་ཡིན།
དྲུག་པ། འགྲན་ཁུལ་སོ་སོའི་འགྲན་སྡུར་དུས་ཚོད་ནི།
དཀར་མཛེས་འགྲན་ཁུལ་ནས་སྤྱི་ཟླ8པའི་ཚེས20ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་སྔོན་རླུང་འཕྲིན་ཚོང་རའི་གསེར་རྟ་ཡན་ལག་ཚོང་ཁང་།
འབྲེལ་གཏུགས་བྱེད་ས། ཤེར་བཟང་།
ཁ་པར་ཨང་གྲངས། 18919548699
རྔ་བ་འགྲན་ཁུལ་ནས་སྤྱི་ཟླ8པའི་ཚེས25ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་སྔོན་རླུང་འཕྲིན་ཚོང་རའི་མཛོད་དགེ་ཡན་ལག་ཚོང་ཁང་།
འབྲེལ་གཏུགས་བྱེད་ས། སྐལ་བཟང་སྦྱིན་པ།
ཁ་པར་ཨང་གྲངས། 18015762222
ཀན་ལྷོ་འགྲན་ཁུལ་ནས་སྤྱི་ཟླ8པའི་ཚེས29ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་སྔོན་རླུང་འཕྲིན་ཚོང་རའི་བླ་བྲང་ཡན་ལག་ཚོང་ཁང་།
འབྲེལ་གཏུགས་བྱེད་ས། དཔལ་ལྡན།
ཁ་པར་ཨང་གྲངས། 18298641119
མཚོ་ནུབ་འགྲན་ཁུལ་ནས་སྤྱི་ཟླ9པའི་ཚེས15ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག
འབྲེལ་གཏུགས་བྱེད་ས། བོང་སྟག་རི་ལུ།
ཁ་པར་ཨང་གྲངས། 15695373059
མཚོ་ལྷོ་འགྲན་ཁུལ་ནས་སྤྱི་ཟླ8པའི་ཚེས17ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་སྔོན་རླུང་འཕྲིན་ཚོང་རའི་མཚོ་ལྷོ་ཡན་ལག་ཚོང་ཁང་།
འབྲེལ་གཏུགས་བྱེད་ས། དབང་ཆེན་ཐར།
ཁ་པར་ཨང་གྲངས། 0974-8520088 དང15809740088
མགོ་ལོག་འགྲན་ཁུལ་ནས་སྤྱི་ཟླ9པའི་ཚེས19ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་སྔོན་རླུང་འཕྲིན་ཚོང་རའི་མགོ་ལོག་ཡན་ལག་ཚོང་ཁང་གི་དུང་དཀར་གསོལ་ཚིགས་གླིང་ཀ
འབྲེལ་གཏུགས་བྱེད་ས། མ་ཎི་དོན་གྲུབ་དང་རྟ་མགྲིན།
ཁ་པར་ཨང་གྲངས། 0975-8382200དང13099711198 15695350022
རྨ་ལྷོ་འགྲན་ཁུལ་ནས་སྤྱི་ཟླ9པའི་ཚེས22ཉིན་འགྲན་སྡུར་སྤེལ་རྒྱུ་ཡིན་པ།
མིང་ཐོ་འགོད་ས། མཚོ་སྔོན་རླུང་འཕྲིན་ཚོང་རའི་ཧི་ནན་ཡན་ལག་ཚོང་ཁང་།
འབྲེལ་གཏུགས་བྱེད་ས། བཀྲ་ལུག ཁ་པར་ཨང་གྲངས། 18797231000
བདུན་པ། ཟླ10བའི་ཚེས22ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་རྟིང་རྩོད་འགྲན་སྡུར་བསྡུ་རྒྱུ་ཡིན་པ།
འབྲེལ་གཏུགས་བྱེད་ས། ཨ་བརྟན་རྒྱལ།
ཁ་པར་ཨང་གྲངས། 18609711516
        རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་གླུ་བ་གླུ་མ་དག་གི་འགྲོ་འདུག་བཟའ་གསུམ་གྱི་འགྲོ་སོང་ཡོད་ཚད་གཙོ་སྒྲུབ་ལས་ཁུངས་ཀྱིས་འགན་ལེན་བྱ་རྒྱུ་ཡིན་ལ། འགྲན་ཁུལ་སོ་སོའི་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་སྐབས་ཀྱི་འགྲོ་སོང་ཡོད་ཚད་མི་རང་སྒེར་གྱིས་འགན་འཁུར་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།