ནུབ་བྱང་མི་རིགས་སློབ་ཆེན་དུ་སྐབས་ལྔ་བའི་སྒྲོལ་མའི་དུས་སྟོན་ཚོགས་པ།

རྩོམ་པ་པོ།:དཔལ་མོ། ཡོང་ཁུངས།:མཆོད་མེ་རྩོམ་རིག་དྲ་བ། དུས་ཚོད།:2013-05-20 10:16:00 ཀློག་གྲངས།:

西北民族大学举办第五届卓玛节
ནུབ་བྱང་མི་རིགས་སློབ་ཆེན་དུ་སྐབས་ལྔ་བའི་སྒྲོལ་མའི་དུས་སྟོན་ཚོགས་པ།

བོད་ཀྱི་སྐྱེས་མ་རྣམས་སྒྲོལ་མའི་དུས་སྟོན་ལ་རོལ་བཞིན་པ།

  ཟླ 5བའི་ཚེས12ཉིན་ལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐྱེས་མ་ཚོས་རྩ་འཛུགས་དང་མདོ་འཛིན་ བྱས་ཏེ་ལན་གྲུ་ནས་མ་ཡུམ་གྱི་དུས་ཆེན་དང་སྐབས་ལྔ་བའི་སྒྲོལ་མའི་དུས་སྟོན་མཉམ་དུ་བསྡུས།
  སྤྱིར་ན་ཟླ 5བའི་ཚེས12ཉིན་ནི་སྤྲོ་ཚོགས་ལ་རོལ་བའི་སྐལ་བཟང་ཞིག་མིན་མོད། ད་ལོར་ཉིན་དེ་ནི་གཅིག་ན་མ་ཡུམ་གྱི་དུས་ཆེན་ལ་ཁེལ་ཡོད་པ་དང༌། གཉིས་ན་གཟའ་ཉི་མ་ཡིན་པ། གསུམ་ན་སྒྲོལ་མའི་དུས་སྟོན་རྒྱུན་མ་ཆད་པར་བདེ་ལེགས་ངང་སྐྱོང་རྒྱུའི་དགོས་པ་བཅས་ལ་དམིགས་ནས་ཉིན་དེར་ཚོགས་པ་ཡིན།
  ཐེངས་འདིའི་དུས་ཆེན་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐྱེས་མ་དགེ་རྒན་དང་ལས་བཟོ་བ་ཉི་ཤུ་ལྷག་དང༌། ལན་གྲུ་གྲོང་ཁྱེར་ན་ཡོད་པའི་བོད་མོ་སྐོར་ཞིག་ཞུགས་ཡོད། སྐྱེས་མ་ཚོར་དུས་སྟོན་འདི་ལ་སྔོན་དང་མི་འདྲ་བའི་ཐུན་མོང་གི་བསམ་ཚུལ་ཞིག་ཡོད་པ་ནི་དུས་སྟོན་འདི་ཅིས་ཀྱང་རྒྱུན་སྐྱོང་བའི་དགོས་པ་ཡོད་པ་དེ་ཡིན།


དུས་སྟོན་ཐོག་ཞུགས་པའི་ན་ཆུང་བྱིས་པ་རྣམས།

  དང་པོ། དགོས་པ་དང་དམིགས་ཡུལ་ནི།
  1.དུས་སྟོན་འདི་ལབ་དང་ཉོག་གཏམ་ཁོ་ནར་རོལ་རྒྱུ་ཞིག་མིན་པར་གླུ་དང་ལ་གཞས། ཁེད་དང་གཏམ་དཔེ། གར་དང་རྩེད་མོ་སོགས་སྐད་ཡིག་དང་དམངས་སྲོལ་རིག་གནས་རྒྱུད་འཛིན་བྱེད་པར་དམིགས་པ།
  2. བོད་མོ་ཚོ་ལྷན་དུ་འཛོམས་པའི་གོ་སྐབས་བསྐྲུན་ཏེ་རྗེས་སུའང་དུས་རྒྱུན་ཕན་ཚུན་ལ་འབྲེལ་འདྲིས་དང་སྐྱིད་སྡུག་གང་ཡོད་ན་མཉམ་དུ་འཁུར་རྒྱུར་དམིགས་པ།
  3. བྱིས་པ་ཚོའང་ངེས་པར་ཞུགས་ཏེ་མ་ཡུམ་རྣམ་པས་གླུ་ལེན་གར་རྩེད་བྱེད་པའི་ཁྲོད་ཁོ་ཚོར་བོད་སྐད་དང་དམངས་སྲོལ་རིག་གནས་ལ་བག་ཆགས་འཇོག་པར་ཁོར་ཡུག་བསྐྲུན་པར་དམིགས་པ།
  4.  རྒྱལ་སྤྱིའི་མ་ཡུམ་དུས་ཆེན་དང་མཉམ་དུ་རོལ་ཚེ་བདེ་འཇགས་དང་བདེ་སྐྱིད་ཡོང་བར་དམིགས་པ་བཅས་ཡིན།
  གཉིས་པ།  དུས་སྟོན་གྱི་རྩ་དོན་གཏན་ལ་ཕབ་པ་ནི།
  1. དུས་སྟོན་འདི་ལོ་རེའི་མ་ཡུམ་དུས་ཆེན་གྱི་ཉིན (སྤྱི་ཟླ་ལྔ་བའི་ནང) ལ་འཚོགས་རྒྱུ།
  2.  ཉིན་དེར་ཚོགས་ཞུགས་པ་ཚང་མས་བོད་ལྭ་གོན་རྒྱུ་དང་བྱིས་པ་ཚོས་ཀྱང་ངོ༌། །
  3.  བོད་མོ་སུ་ཡིན་ཡང་དུས་སྟོན་འདི་གཙིགས་སུ་བཟུང་སྟེ་འགན་འཁྲིར་ལྟ་རྒྱུ། 
  4.  དུས་སྟོན་གྱི་ནང་དོན་ངེས་པར་རང་གི་སྐད་ཡིག་དང་རིག་གནས་ལ་སྦྲེལ་རྒྱུ།
  5.  ལོ་རེར་སྐྱེས་མ་གཉིས་རེས་རྩ་འཛུགས་བྱས་ཏེ་དུས་སྟོན་འཐུས་ཚང་ཡོང་བར་འགན་འཁུར་རྒྱུ།
  གསུམ་པ། ཐེངས་འདིར་མངོན་པའི་དུས་སྟོན་གྱི་བརྗོད་བྱ་ནི།
  1. རྒན་བཀུར་གཞོན་སྐྱོང་དང་ཕན་ཚུན་རོགས་རམ་བྱེད་པའི་འདུ་ཤེས་སླར་སོས་པ།
  2. དམངས་གླུ་དང་ལ་གཞས་ལེན་མཁན་ཇེ་མང་ལ་སོང་བ།
  3. བོད་ལྭ་གོན་པ་རྣམས་གར་དང་ཤོམ་དུ་སོང་བས་བོད་ལྭ་གོན་མེད་པ་རྣམས་ལ་རྡུང་རྡེག་ཐེབས་པ།
  4. བྱིས་པ་ཚོ་དགའ་ལྷང་ལྷང་ངང་གླུ་གར་གྱི་ཁོར་ཡུག་ལ་རོལ་བ་བཅས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།