ངོས་དང་པོ > སྐབས་དོན། > སྣ་ཚོགས། > 《གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་ཡུལ་ཁམས་ཀྱི་སྤྱིའི་འཆར་བཀོད》ལ་ཆོག་མཆན་ཐོབ་པ།
《གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་ཡུལ་ཁམས་ཀྱི་སྤྱིའི་འཆར་བཀོད》ལ་ཆོག་མཆན་ཐོབ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-05-21 09:32:00
ཀློག་གྲངས།:
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་བཅོས་སྒྱུར་དང་གོང་སྤེལ་ཨུ་ཡོན་ལྷན་ཁང་གིས《གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་ཡུལ་ཁམས་ཀྱི་སྤྱིའི་འཆར་བཀོད》དང《གཉན་པོ་གཡུ་རྩེའི་གནས་སྐོར་ས་ཁུལ་གྱི་ཞིག་གསོ་རང་བཞིན་གྱི་ཞིབ་ཕྲའི་འཆར་བཀོད》ལ་ཆོག་མཆན་གནང་ཞིང་། དེས་གཉན་པོ་གཡུ་རྩེ་དེ་འཛམ་གླིང་རིམ་པའི་མཐོ་སྒང་གི་སྐྱེ་ཁམས་དང་རིག་གནས་ཉམས་སུ་མྱོང་བའི་གནས་སྐོར་གྱི་ཡུལ་ཞིག་ཏུ་བསྐྲུན་ངེས་པ་མཚོན་པ་རེད།
མདོ་དབུས་མཐོ་སྒང་གི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་ཡུལ་ཁམས་ཞེས་པ་ནི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་དཀྱིལ་སྙིང་དུ་བཟུང་ཐོག མགོ་ལོག་ཁུལ་དེ་གཙོ་ཕུང་དུ་བྱས་ནས་ཉེ་འཁོར་གྱི་ཞིང་ཆེན་གསུམ་དང་རང་སྐྱོང་ཁུལ་བཞི་རུ་ཁྱབ་པའི་རྒྱལ་སྤྱིའི་གནས་སྐོར་གྱི་ཡུལ་ཞིག་བསྐྲུན་པ་ཡིན།
《གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་ཡུལ་ཁམས་ཀྱི་སྤྱིའི་འཆར་བཀོད》ལྟར་ན་མ་འོངས་པའི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་གོང་སྤེལ་གྱི་བརྗོད་གཞི་གཏན་འབེབས་བྱས་ཟིན་པ་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དང་ཨ་མདོའི་བོད་རིགས་འདུས་སྡོད་ཀྱི་ཁོར་ཡུག་དེ་རྒྱབ་ལྗོངས་སུ་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་རིག་གནས་དང་གེ་སེར་སྒྲུང་གི་རིག་གནས། གངས་རི་དང་རྩྭ་ཐང། འཁྱགས་རོམ་སོགས་ཁྱད་ཆོས་སུ་བྱས་ཏེ་སྐྱེ་ཁམས་གནས་སྐོར་དང་། དམངས་སྲོལ་ལ་རོལ་མྱོང་བྱེད་པ། ཚན་རིག་རྟོག་དཔྱོད་སོགས་ཀྱི་བྱ་འགུལ་བདག་ཉིད་གཅིག་ཏུ་གྲུབ་པའི་འཛམ་གླིང་རིམ་པའི་གནས་སྐོར་ཡུལ་ལྗོངས་སུ་བསྐྲུན་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།