2013ལོའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བརྡ་སྦྱོར།
2013ལོའི་ཟི་ལིང་ས་ཁུལ་སྐབས་ཉེར་བདུན་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་སྤྱི་ཟླ6པའི་ཚེས10ཉིན་ཟི་ལིང་ལྷོ་རི་གླིང་ཀ་རུ་སྤེལ་རྒྱུ་ཡིན་ཞིང་། མང་ཚོགས་རྣམས་ལ་བོད་ཀྱི་རིག་གནས་འགྲེམ་སྟོན་བྱེད་པའི་སྟེགས་བུ་མང་པོ་སྐྲུན་ཏེ་མི་རིགས་སོ་སོའི་རིག་གནས་མཐུན་སྦྱོར་ཡོང་བར་སྐུལ་འདེད་བྱས།
ཞིབ་ཕྲའི་གསལ་བཤད་གཤམ་གསལ་ལྟར།
གཅིག བརྗོད་དོན། མི་རིགས་འདྲ་མཉམ། སྤྱི་ཚོགས་འཆམ་མཐུན།
གཉིས། དུས་ཚོད། 2013ལོའི་སྤྱི་ཟླ6པའི་ཚེས10ཉིན།(གཟའ་ཟླ་བ)
གསུམ། ས་གནས། ཟི་ལིང་ལྷོ་རིའི་གླིང་ཀ(མཚོ་སྔོན་གངས་ལྗོངས་དམངས་སྲོལ་བཤམས་སྟོན་ཁང་གི་གནས་ཡུལ)
བཞི། གཙོ་སྒྲུབ་ལས་ཁུངས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ།
ལྔ། འགན་སྒྲུབ་ལས་ཁུངས། ཤཱ་ཏུའུ་མི་རིགས་ཡུལ་སྐོར་ཚོང་གཉེར་མཁར(བོད་མིའི་ཁྲོམ)།
དྲུག བྱ་འགུལ་བཀོད་སྒྲིག
བྱ་འགུལ་དང་པོ། རིག་རྩལ་འཁྲབ་སྟོན།
བྱ་འགུལ་གཉིས་པ། བོད་ཀྱི་དམངས་ཁྲོད་འགྱིག་རྩལ་འགྲན་བསྡུར།
བྱ་འགུལ་གསུམ་པ། བོད་ཀྱི་བཟའ་བཏུང་རིག་གནས།
བྱ་འགུལ་བཞི་བ། བློ་བཟང་ཚན་རྩལ་གྲུབ་འབྲས་འགྲེམ་སྟོན།
བྱ་འགུལ་ལྔ་བ། བོད་ཀྱི་མཛེས་རིས་འགྲེམ་སྟོན།
བྱ་འགུལ་དྲུག་པ། བོད་ཀྱི་གྱོན་ཆས་འཁྲབ་སྟོན།
འབྲེལ་གཏུག་ཁ་པར། བཤད་སྒྲུབ། 15597010688
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com