ཀན་ལྷོ་འབྲུག་ཆུ་རྫོང་ཡག་ཧྭ་སྡེ་བས་ཆོས་ཁུར་བའི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-31 11:52:00 ཀློག་གྲངས།:


དད་ལྡན་པ་རྣམས་ཀྱིས་ཆོས་ཁུར་བ།(པར་རིས་ཡོང་ཁུངས། བོད་མིའི་རིག་གནས་དྲ་བ།)

        ཟླ5བའི་ཚེས24སྟེ་བོད་ལུགས་ཀྱི་ཟླ4བའི་ཚེས14ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཨུ་པེ་ཤང་ཡག་ཧྭ་སྡེ་བས་ལོ་རེའི་ཆོས་ཁུར་བའི་དམངས་སྲོལ་བྱེད་སྒོ་སྤེལ།

ཀན་ལྷོ་འབྲུག་ཆུ་རྫོང་ཡག་ཧྭ་སྡེ་བས་ཆོས་ཁུར་གྱི་བྱེད་སྒོ་སྤེལ་བ།
ཆོས་ཁུར་བའི་ལམ་བར་དུ།(པར་རིས་ཡོང་ཁུངས། བོད་མིའི་རིག་གནས་དྲ་བ།)

        ཉིན་དེར། མང་ཚོགས་རྣམས་སྔ་མོ་ནས་སྡེ་བའི་དགོན་པར་འཛོམས་ཏེ་མཆོད་མེ་བཞག་པ་དང་སྤོས་སོགས་གདུག་ནས་སྨོན་ལན་བཏབ་ཅིང་། དགོན་པའི་ཆོས་དཔེ་ཁུར་ཏེ་རི་བོར་གཡས་སྐོར་ཐེངས་ཤིག་བརྒྱབ་པ་ཡིན།


གོས་སྐུ་བཤམས་པ།(པར་རིས་ཡོང་ཁུངས། བོད་མིའི་རིག་གནས་དྲ་བ།)

        མ་ཟད། ཉིན་དེར་དགོན་པས་ད་དུང་གོས་སྐུ་བཤམས་པའི་ཆོ་གའང་སྤེལ་ཞིང་ཚང་མས་གོས་སྐུ་ལ་མཇལ་ཐུབ་པའི་སྐལ་བ་བཟང་བོ་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།