སྐབས་གསུམ་པའི་དཔལ་བེའུ་རྟགས་མའི་ལ་གཞས་འགྲན་སྡུར་གྱི་མཚོ་ལྷོའི་འགྲན་ཁུལ་གྱི་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-01 10:44:00 ཀློག་གྲངས།:


མཚོ་ལྷོའི་འགྲན་ཁུལ་དུ་འགྲན་སྡུར་སྤེལ་བཞིན་པ།
第三届青海省“华谊杯”藏族拉伊大赛海南赛区开赛
མཚོ་ལྷོའི་འགྲན་ཁུལ་དུ་འགྲན་སྡུར་སྤེལ་བཞིན་པ།

  ཟླ5པའི་ཚེས26ཉིན་ནས་ཚེས27ཉིན་བར། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གཙོ་སྒྲུབ་བྱས་པ་དང་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་བྱས་པའི་སྐབས་གསུམ་པའི་དཔལ་བེའུ་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་མཚོ་ལྷོའི་འགྲན་ཁུལ་གྱི་འགྲན་སྡུར་དེ་ཆབ་ཆ་རུ་བསྡུས་པ་རེད།
  ཐེངས་འདིའི་འགྲན་སྡུར་ལ་མཚོ་ལྷོའི་རྫོང་སོ་སོ་ནས་ཐོན་པའི་དམངས་ཁྲོད་གླུ་བ་དང་གླུ་མ20ལྷག་ཞུགས་ཡོད་ཅིང་། ཐེངས་འདིའི་འགྲན་སྡུར་ལ་གླུ་མ་ལྕགས་མོ་རྒྱལ་དང་། གླུ་བ་ཚེ་དཔལ་སྐྱབས། གླུ་བ་སྒྲོལ་མ་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་བསྟན་འཛིན། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཟུགས་འདས་ཤུལ་བཞག་རིག་གནས་ཚན་ཁག་གི་རྟ་མགྲོན་ཚེ་རིང་སོགས་དཔྱད་འདེམས་པར་གདན་དྲངས་ནས། མཚོ་ལྷོ་འགྲན་ཁུལ་དུ་གཟེངས་སུ་ཐོན་པའི་གླུ་བ་གླུ་མ10དཔྱད་འདེམས་བྱས་ལ། ཟླ6པའི་ཚེས7ཉིན་ནས་ཚེས9བར་ལ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་དཔལ་བེའུ་རྟགས་མའི་ལ་གཞས་འགྲན་སྡུར་གྱི་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་བསྡུ་རྒྱུ་རེད།


གདན་ཞུའི་སྐུ་མགྲོན་ལྕགས་མོ་རྒྱལ་གྱིས་ལ་གཞས་ལེན་པ།

འགྲན་སྡུར་ཡུལ་དངོས་ཀྱི་ཟུར་ཞིག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།