བོད་ལྗོངས་སྨན་གླིང་རྫོང་སྐབས་བདུན་པའི་པདྨ་སེར་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-03 10:46:00 ཀློག་གྲངས།:

བོད་ལྗོངས་སྨན་གླིང་རྫོང་སྐབས་བདུན་པའི་པདྨ་སེར་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ།
བོད་ལྗོངས་སྨན་གླིང་རྫོང་སྐབས་བདུན་པའི་པདྨ་སེར་པོའི་རིག་གནས་
ཡུལ་སྐོར་དུས་ཆེན་སྤེལ་བ།(པར་རིས་ཡོང་ཁུངས། ཆན་ལུང་དྲ་བ།)

        ཟླ5བའི་ཚེས28ཉིན། བོད་ལྗོངས་སྨན་གླིང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་།  བོད་ལྗོངས་གནས་སྐོར་མ་རྐང་ཚད་ཡོད་ཀུང་ཟི་ཉིང་ཁྲིའི་ཡན་ལག་ཁང་དང་བོད་ལྗོངས་སྨན་གླིང་གཡུ་ཐོག་མགོན་པོའི་བོད་ཀྱི་གསོ་རིག་ཐོན་ལས་སྔོག་འདོན་ཚད་ཡོད་འགན་འཁྲི་ཀུང་ཟིས་འགན་སྒྲུབ་གནང་བའི“བོད་ལྗོངས་སྨན་གླིང་རྫོང་སྐབས་བདུན་པའི་པདྨ་སེར་པོའི་རིག་གནས་ཡུལ་སྐོར་དུས་ཆེན”དངོས་སུ་སྤེལ་འགོ་བརྩམས་ཤིང་། རྒྱུས་ལོན་པ་ལྟར་ན། ད་ལོར་ཉིང་ཁྲི་ས་ཁུལ་གྱི་རི་སྐྱེས་པདྨ་སེར་པོར་གཟིགས་པའི་དུས་ཚོད་ནི་ཟླ5བའི་ཚེས28ཉིན་ནས་ཟླ6པའི་ཚེས30བར་ཡིན་པ་རེད།


དུས་ཆེན་སྟེང་གི་མི་ཚོགས།(པར་རིས་ཡོང་ཁུངས། ཆན་ལུང་དྲ་བ།)

         བྱ་འགུལ་འདིའི་སྟེང་རྒྱ་ཆེ་བའི་གླུ་གར་འཁྲབ་སྟོན་ལས་གཞན་ད་དུང“མེ་ཏོག་ལ་གཟིགས་པ”དང་། “རིག་གནས་མྱོང་སྣང” “བཟའ་བཏུང་རོལ་མྱོང” “སྤྲོ་སྐྱིད་ཚོར་མྱོང”བཅས་རྣམ་པ་བཞིའི་སྒོ་ནས་སྤྲོ་སྐྱིད་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་བ་དང་། དེ་ལས“བོད་ཀྱི་གསོ་རིག་རིག་གནས་ལ་གཟིགས་ཞིབ་དང་བོད་ཀྱི་གསོ་རིག་ཉིང་བཅུད་རོལ་མྱོང་བྱེད་པའི་བྱ་འགུལ”ནི་སྐབས་འདིའི་རིག་གནས་གནས་སྐོར་དུས་ཆེན་གྱི་བརྗོད་དོན་དུ་བྱེད་ཅིང་། དེའི་མཚུངས་སུ་པདྨ་སེར་པོའི་པར་འགྲེམ་ཡང་དང་། བྱིས་པའི་རི་མོ་བརྩམས་ཆོས་ཀྱི་འགྲེམ་སྟོན། མདའ་འཕེན་སོགས་དམངས་ཁྲོད་བྱ་འགུལ་ཡང་མི་ཉུང་བ་ཞིག་འདུག


མདའ་འཕེན་པ།(པར་རིས་ཡོང་ཁུངས། ཆན་ལུང་དྲ་བ།)


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།