བོད་ལྗོངས་བོད་ལུགས་སྨན་རྫས་ཚད་གཞི་ཐོག་མ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ།
བོད་ལྗོངས་བོད་ལུགས་སྨན་རྫས་ཚད་གཞི་ཐོག་མ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ།
ཟླ6པའི་ཚེས3ཉིན། 《བོད་ལྗོངས་བོད་ལུགས་སྨན་རྫས་ཚད་གཞི》ལྷ་ས་ནས་ཁྱབ་བསྒྲགས་བྱས་ཏེ་ལག་བསྟར་བྱེད་འགོ་བརྩམས་ཤིང་། དེ་ནི་བོད་ལྗོངས་ཀྱི་ས་གནས་རིམ་པའི་བོད་ལུགས་སྨན་རྫས་ཚད་གཞི་ཐོག་མ་ཡིན་ལ། བོད་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོར་འདེགས་དང་བོད་ལུགས་སྨན་རྫས་ཀྱི་ཚོང་ར་རྒྱ་བསྐྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།
《བོད་ལྗོངས་བོད་ལུགས་སྨན་རྫས་ཚད་གཞི》ཁྲོད་རྒྱལ་ཁབ་ཀྱི་ཚད་གཞི་མེད་པའི་རྒྱུན་སྤྱོད་ཀྱི་བོད་ལུགས་སྨན་རྫས་ལ་ས་གནས་ཀྱི་ཚད་གཞི་བཙུགས་ལ། གཙོ་བོ་ནང་དོན་གསུམ་དུ་འདུས་པ་སྟེ། ལེའུ་དང་པོ་ནི་སྨན་རྫས་ཀྱི་སྤུས་ཚད་ཚད་གཞི་ཡིན་པ་དང་། ལེའུ་གཉིས་པ་ནི་སྨན་རྫས་སྤུས་ཚད་ཚད་གཞིའི་འཆར་ཟིན་བཀོད་པའི་གསལ་བཤད། ལེའུ་གསུམ་པ་ནི་བོད་སྨན་སྡེབ་བྱེད་ཀྱི་རྩི་ཤིང་དང་སྨན་རྫས་སོགས་ཀྱི་པར་རིས་བཅས་ཡིན་པ་རེད།
བསྡོམས་རྩིས་བྱས་པ་ལྟར་ན་བོད་ལུགས་སྨན་རྫས་སུ་རྒྱུན་དུ་སྤྱོད་པའི་སྨན་སྣ500ལྷག་ཡོད་ཅིང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་ཚད་གཞི་བཙུགས་པའི་བོད་ལུགས་སྨན་རྫས་སྣ136དང《བོད་ལྗོངས་བོད་ལུགས་སྨན་རྫས་ཚད་གཞི》རུ་བཀོད་པའི་བོད་ལུགས་སྨན་རྫས་སྣ101བཅས་བསྡོམས་པས་བོད་ལུགས་སྨན་རྫས་སྣ237ལ་སྤུས་ཚད་ཀྱི་ཚད་གཞི་བཙུགས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com