འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འགྲེམ་གཏོང་དང་འཆད་ཁྲིད་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-06 09:34:00 ཀློག་གྲངས།:


འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་སྐོར་ནས་འཆད་ཁྲིད་གནང་བཞིན་པ།
《静静的玛尼石》放映与交流
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འགྲེམ་གཏོང་དང་འཆད་ཁྲིད་གནང་བ།

  ཟླ6པའི་ཚེས5ཉིན། མཚོ་སྔོན་མི་རིགས་སློབ་ཆེན་དུ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པ་འགྲེམ་གཏོང་བྱས་པར་མ་ཟད། དེ་དང་འབྲེལ་ནས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་སློབ་གྲྭ་དེ་གའི་དགེ་སློབ་རྣམས་དང་མཉམ་དུ་གློག་བརྙན་ཕབ་བསྐྲུན་གྱི་བརྒྱུད་རིམ་དང་ཉམས་མྱོང་སོགས་ཀྱི་ཐད་ནས་ཕན་ཚུན་ལ་བརྗེ་རེས་བྱས།


སློབ་མ་ཚོ་དང་མཉམ་དུ་གློག་བརྙན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ།

  ཐེངས་འདིའི་གློག་བརྙན་འགྲེམ་གཏོང་དང་འཆད་ཁྲིད་བརྒྱུད་ནས་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་བོད་ཀྱི་གློག་བརྙན་སྐོར་གྱི་ཤེས་བྱ་མི་ཉུང་བ་ཞིག་ཤེས་ལ། གློག་བརྙན་ནི་གློག་བརྙན་པ་རྣམས་ཀྱི་རྔུལ་ཆུའི་ཕྲེང་རྡོག་རེ་རེ་དང་བློ་གྲོས་ཀྱི་ཟེགས་མ་རེ་རེ་ལས་གྲུབ་པ་རྟོགས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་འགྲེམ་གཏོང་དང་འཆད་ཁྲིད་གནང་བར་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།