མཚོ་ལྷོའི་སྐོར་བྲོ་རིགས་གཉིས་པ་ཡོངས་སུ་བསྒྲིགས་ཚར་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-07 09:39:00 ཀློག་གྲངས།:

献礼建州六十大庆:《海南锅庄2》创作完成
མཚོ་ལྷོའི་སྐོར་བྲོ་རིགས་དང་པོ་འཁྲབ་བཞིན་པ།

  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་ལ་བསུ་བ་བྱེད་ཆེད། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་ཟླ6གི་རིང་དུ་ཚིག་རྩོམ་པ་དང་དབྱངས་རྩོམ་པ། ཞབས་བྲོ་བསྒྲིགས་པ་སོགས་ཀྱི་གོ་རིམ་རབས་དང་རིམ་པ་བརྒྱུད་ནས་མཚོ་ལྷོའི་སྐོར་བྲོ་རིགས་གཉིས་པ་ཡོངས་སུ་བསྒྲིགས་ཚར་པ་རེད།
  ཐེངས་འདིའི་མཚོ་ལྷོའི་སྐོར་བྲོ་རིགས་གཉིས་པའི་ཁྲོད་མདོ་སྨད་མཚོ་ལྷོའི་ཡུལ་གྱི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དང་། ས་གནས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་དམངས་སྲོལ་རིག་གནས། དམངས་ཁྲོད་ཀྱི་གླུ་གར་སོགས་སྒྱུ་རྩལ་གྱི་གཟི་དཔལ་ཡོངས་སུ་མངོན་ཡོད་ཅིང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་ཐེངས་མང་པོར་བོད་ཁམས་ཀྱི་ཚིག་རྩོམ་མཁན་དང་དབྱངས་རྩོམ་གྲགས་ཅན་རྣམས་དང་གྲོས་མོལ་བྱས་མཐར། མདོ་དབུས་ཁམས་གསུམ་གྱི་གླུ་དང་རྩེད་རིག  པི་ཝང་རྒྱུད་གསུམ་མ་སོགས་གླུ་གཞས་ཀྱི་གྲུབ་ཆ་གཞིར་བྱས་ཐོག  བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་མཉམ་དུ་བསྲེས་ནས་གླུ་གཞས10བདམས་བསྒྲིགས་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།