བོད་ལྗོངས་ཀྱི་སྐབས་དང་པོའི་ནང་བའི་དགོངས་དོན་བགྲོ་ཚོགས་ལྷ་སར་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-07 11:18:00 ཀློག་གྲངས།:

        ཟླ6པའི་ཚེས6ཉིན། བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་བོད་ལྗོངས་ཀྱི་སྐབས་དང་པོའི་ནང་བའི་དགོངས་དོན་བགྲོ་ཚོགས་ལྷ་སའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྡུས། བོད་རང་སྐྱོང་ལྗོངས་ཕྱི་ནང་གི་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་དང་། ཤེས་ཡོན་པ། ཆོས་ལུགས་མི་སྣ་སོགས་ཐེངས་འདིའི་བགྲོ་ཚོགས་ལ་ཞུགས་པ་རེད།
        རྒྱུས་ལོན་པ་ལྟར་ན། དུས་ཡུན་ཉིན་གཉིས་ཀྱི་བགྲོ་ཚོགས་སྟེང་། བོད་རིག་པའི་ཆེད་མཁས་པ་དང་། ཤེས་ཡོན་པ། བླ་དཔོན་རྣམས་ཀྱིས་ནང་བའི་དགོངས་དོན་ཐད་ནས་བགྲོ་གླེང་མཛད་ཅིང་། བརྗོད་དོན་ལ“འཆམ་མཐུན་སྤྱི་ཚོགས”དང་། “ཉག་ཕྲ་བའི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ” “ནང་བའི་དགོངས་དོན་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས”སོགས་དུ་མ་འདུས།
        བགྲོ་ཚོགས་མ་བྱས་སྔོན་དུ། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ལྗོངས་ཡོངས་ཁྱབ་ཁོངས་སུ་དཔྱད་རྩོམ73སྡུད་ལེན་བྱས་པ་དང་། དཔྱད་རྩོམ་གྱི་བརྗོད་སྙིང་ལ་རྒྱལ་གཅེས་ཆོས་གཅེས་དང་། ནང་བསྟན་སློབ་སྦྱོང་སོགས་ནང་དོན10འདུས། ཐེངས་འདིའི་བགྲོ་གླེང་དུ་དཔྱད་རྩོམ་འདི་དག་ལ་དཔྱད་འདེམ་བྱ་དགའ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།