གུང་ཧོ་རྫོང་གངས་ལྷ་བོད་སྨན་ཁང་གིས་རིན་ཆེན་རཏྣ་བསམ་འཕེལ་སྡེབ་སྦྱོར་གྱི་ཡུལ་དངོས་གཟིགས་ཞིབ་སྤེལ།

རྩོམ་པ་པོ།:གུང་ཧོ་རྫོང་གངས་ལྷ་བོད་སྨན་ཁང་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-08 09:04:00 ཀློག་གྲངས།:

གུང་ཧོ་རྫོང་གངས་ལྷ་བོད་སྨན་ཁང་གིས་རིན་ཆེན་རཏྣ་བསམ་འཕེལ་སྡེབ་སྦྱོར་གྱི་ཡུལ་དངོས་གཟིགས་ཞིབ་ཚོགས་འདུ་བསྡུས།
ཡུལ་དངོས་གཟིགས་ཞིབ་བྱེད་པ།

        ཟླ6པའི་ཚེས5ཉིན། གུང་ཧོ་རྫོང་གངས་ལྷ་བོད་སྨན་ཁང་གིས་རིན་ཆེན་རཏྣ་བསམ་འཕེལ་སྡེབ་སྦྱོར་གྱི་མཛད་སྒོ་སྨན་སྦྱོར་ཁང་ནས་སྤེལ་ཞིང་། གདན་ཞུའི་ལས་ཁུངས་དང་སྐུ་མགྲོན་ལ་མཚོ་ལྷོ་ཁུལ་འཕྲོད་བསྟེན་ཅུའུ་དང་། མཚོ་ལྷོ་ཁུལ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ། མཚོ་ལྷོ་ཁུལ་བོད་སྨན་ཁང་། གུང་ཧོ་རྫོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་སྨན་ཆེད་མཁས་སྨན་པ10ལྷག་ཕེབས་ཡོད་པ་དང་། ཆེད་མཁས་དག་གིས་ཡུལ་དངོས་སུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བ་མ་ཟད་སྨན་ཁང་འདིའི་བྱ་བར་གདེངས་འཇོག་མི་དམན་པ་བྱས།


ཡུལ་དངོས་གཟིགས་ཞིབ་བྱེད་པ།

        རིན་ཆེན་རཏྣ་བསམ་འཕེལ་སྡེབ་སྦྱོར་བྱས་པ་ལས། ས་ཁུལ་འདིའི་བོད་ཀྱི་གསོ་རིག་རིག་གནས་རྒྱུད་འཛིན་དང་བོད་སྨན་བྱ་གཞག་གི་འཕེལ་རྒྱས་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
        གུང་ཧོ་རྫོང་གངས་ལྷ་བོད་སྨན་ཁང་ནི1998ལོར་དབུ་བཙུགས་ཤིང་དེ་ནི་བོད་ལུགས་གསོ་རིག་ལྟར་ནད་པར་སྨན་བཅོས་དང་བོད་སྨན་སྡེབ་སྦྱོར་གཙོ་བྱས་པའི་སྒེར་བཙུགས་སྨན་ཁང་ཞིག་ཡིན། སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3236དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1760། སྨན་ཁང་དུ་ཞག་སྡོད་ཁང་དང་། སྒོ་བསྟེན་ཁང་། སྨན་སྦྱོར་ཁང་བཅས་ཡོད། ད་ལྟ་ལས་བཟོ་བ24དང་མལ་ཁྲི30། སྨན་བཅོས་བརྟག་ཆས་དང་འཕྲུལ་ཆས13ལྷག་ཡོད། སྨན་སྣ་རིན་ཆེན་གྲང་སྦྱོར་དང་། རིན་ཆེན་མང་སྦྱོར། རིན་ཆེན་བཙོ་བཀྲུ་ཟླ་ཤེལ་སོགས་སྨན་སྣ100ལྷག་ཡོད།


གུང་ཧོ་རྫོང་གངས་ལྷ་བོད་སྨན་ཁང་གིས་རིན་ཆེན་རཏྣ་བསམ་འཕེལ་
སྡེབ་སྦྱོར་གྱི་ཡུལ་དངོས་གཟིགས་ཞིབ་ཚོགས་འདུ་བསྡུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།