མ་ཎི་རྡོ་འབུམ་རོལ་ཚོགས་ཀྱིས་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་གྱི་གཞས་ཚོགས་ཐོག་མ་པེ་ཅིང་དུ་བསྡུ་རྒྱུ།
མ་ཎི་རྡོ་འབུམ་རོལ་ཚོགས།
ཟླ7པའི་ཚེས21ཉིན་གྱི་དགོང་མོ། མ་ཎི་རྡོ་འབུམ་རོལ་ཚོགས་ཀྱིས་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་གྱི་གཞས་ཚོགས་ཐོག་མ་པེ་ཅིང་དུ་བསྡུ་རྒྱུ་ཡིན་ཞིང་། ཐེངས་འདིའི་གཞས་ཚོགས་ནི་ཁོ་ཚོའི་སྔར་གྱི་ཚོགས་པ་དེ་བསྐྱར་སྒྲིག་བྱས་རྗེས་ཀྱི་འཁྲབ་སྟོན་ཐོག་མ་ཡིན་པ་དང་། ཁོ་ཚོས་སྙན་ཞིང་འཇེབས་པའི་རང་བྱུང་སྐད་ངག་ལས་བྱུང་བའི་གླུ་གཞས་དག་རྒྱ་ཆེའི་ལྟད་མོ་བ་དག་གི་སྙན་ལམ་དུ་ཕུལ་ངེས།
མ་ཎི་རྡོ་འབུམ་རོལ་ཚོགས《མ་སྐྱེས་ཨ་མའི་གཞས་ཚོགས》ནི་ཀྲུང་གོའི་བོད་རིགས་གཉུག་གནས་ཀྱི་རོལ་ཚོགས་ཐོག་མ་ཡིན་ཞིང2008ལོར་དངོས་སུ་བཙུགས། 2011ལོའི་སི་ཁྲོན་བརྙན་འཕྲིན་ཁང“བོད་ཀྱི་གཞས་ཚོགས”སྟེང་ཨང་དང་པོ་ཐོབ་པ་དང་། 2012ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་རོལ་མོའི་ལེ་ཚན་གྱིས་གདན་ཞུ་བྱས་ཏེ་འཁྲབ་སྟོན་གནང་བ་མ་ཟད། ཕན་བདེའི་དགོང་ཚོགས་བསྡུས་ཏེ་བྱམས་བརྩེའི་དྭ་ཕྲུག་སློབ་གྲྭར་ཞལ་འདེབས་ཕུལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com