2013ལོའི་ཡར་ཀླུང་རིག་གནས་དུས་ཆེན་ཟླ8པའི་ཚེས15ནས21བར་སྤེལ་རྒྱུ་ཡིན་པ།
ཟླ6པའི་ཚེས8ཉིན། 2013ལོའི་ཀྲུང་གོའི་ཡར་ཀླུང་རིག་གནས་དུས་ཆེན་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གུང་ལྷོ་ཁའི་ཁུལ་ཨུ་སོགས་ཀྱིས་གཙོ་སྒྲུབ་དང་། ཡར་ཀླུང་རིག་གནས་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་བའི2013ལོའི་ཡར་ཀླུང་རིག་གནས་དུས་ཆེན་ཟླ8པའི་ཚེས15ནས་ཚེས21བར་ལྷོ་ཁའི་རྩེད་ཐང་དུ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པ་རེད།
ཡར་ཀླུང་རིག་གནས་དུས་ཆེན་འདིའི་སྟེང་རིག་རྩལ་འཁྲབ་སྟོན་དང་། ཚོང་གཉེར་དངུལ་འདྲེན་འཕྲད་གྲོས། ལྷོ་ཁའི་གཞས་གསར་དགོང་ཚོགས། དམངས་སྲོལ་འཚོ་རྣམ་གྱི་གླུ་གར《ཡར་ཀླུང་གཙང་བོ》འཁྲབ་སྟོན་ཆེན་མོ། དམངས་ཁྲོད་གླུ་གར་སྒྱུ་རྩལ་འཁྲབ་སྟོན། ལྷོ་ཁའི་ཁྱད་འཕགས་རིག་གནས་པར་འགྲེམ། སྐབས་དང་པོའི་བོད་ལྗོངས་དམངས་གླུ་འགྲན་བསྡུར། གནས་སྐོར་རིམ་པའི་ནང་དོན་སོགས་བརྗོད་དོན་གྱི་བྱ་འགུལ་དུ་མ་འདུས།
མིག་སྔར། རིག་གནས་དུས་ཆེན་གྱི་དུས་སྔོན་གྲ་སྒྲིག་བྱེད་པའི་སྒང་ཡིན་ལ། བརྗོད་དོན་བྱ་འགུལ་རེ་རེ་རིམ་པ་བཞིན་གྲ་སྒྲིག་ལེགས་པོ་བྱེད་ཀྱི་ཡོད་ཅིང་། དུས་ཆེན་དང་འབྲེལ་བའི་ལས་ཁུངས་སོ་སོར་བྱ་བའི་བཀོད་སྒྲིག་བྱས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com