མཚོ་སྔོན་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ལས་གཞི་གཙོ་བོ་གཏོང་བའི་ཁྱབ་བསྒྲོག་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།:པད་མ་རིག་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-15 08:38:00 ཀློག་གྲངས།:

        ཟླ6ཚེས10ཉིན་གྱི་ཕྱི་དྲོ། མཚོ་སྔོན་འགྲམ་རྒྱུད་ཀྱི་བོད་རིགས་དང་འཇང་རིགས་ཡེའེ་རིགས་རིག་གནས་ཐོན་ལས་སུ་རྒྱལ་ཁབ་ཀྱི་ལས་གཞི་གཙོ་བོ་གཏོང་བའི་ཁྱབ་བསྒྲོག་གྲོས་ཚོགས་མཚོ་སྔོན་མགྲོན་ཁང་ནས་བསྡུས་ཤིང་། ལས་གཞི་དེ་མཚོ་སྔོན་མངའ་ཁོངས་སུ་བསྡོམས་པས་རིག་གནས་ཐོན་ལས་ལས་གཞི23འཆར་འགོད་བྱས། སྤྱིའི་མ་དངུལ་ལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་ས་ཡ་བརྒྱད་བཏང་།  
        མཚོ་སྔོན་རྒྱུད་ཀྱི་བོད་རིགས་དང་འཇང་རིགས་ཡེའེ་རིགས་རིག་གནས་ཐོན་ལས་ཀྱི་ལས་གཞི་རུ་རྨ་ལྷོ་དང་མཚོ་བྱང་། མཚོ་ལྷོ། མཚོ་ནུབ། མགོ་ལོག  ཡུལ་ཤུལ་བཅས་རང་སྐྱོང་ཁུལ6དང་མངའ་ཁོངས་ཀྱི་རྫོང(གྲོང་ཁྱེར)30དང་སྲིད་ཨུ3། མཚོ་ཤར། ཟི་ལིང་གི་བོད་རིགས་ཞང་བཅས་ཚུད་ཡོད། ལས་གཞི་ལག་བསྟར་བྱེད་པའི་དུས་རིམ་གཉིས་སུ་བགོས་ཡོད། དུས་རིམ་དང་པོ་ནི2012ལོ་ནས2015ལོའི་བར་དང་དུས་རིམ་གཉིས་པ་ནི2016ལོ་ནས2020ལོའི་བར་ཡིན་པ་རེད།
        ལས་གཞི་འདིས་རྨ་ལྷོ་ཁུལ་དང་དེ་མིན་རྒྱལ་ཁབ་ཀྱིས་མིང་བཀོད་པའི་མཚོ་སྔོན་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གཙོ་གནད་དུ་ཁེབས་ཡོད་པ་དང་། མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ། མགོ་ལོག ཡུལ་ཤུལ་བཅས་རང་སྐྱོང་ཁུལ5ནི་ཞོར་དུ་ཁེབས་ཡོད་པ་རེད། ཟིང་ལིང་གྲོང་ཁྱེར་ནི་གྲོང་ཁྱེར་གྱི་དཀྱིལ་སྙིང་དུ་བཟུང་ནས། མཚོ་སྔོན་པོའི་མཐའ་འཁོར་དང་གཙང་གསུམ་འབྱུང་ཡུལ། རེབ་གོང་སྒྱུ་རྩལ། བོད་ཁུལ་རིག་གནས་མངའ་ཁོངས་བཅས་སུ་འབུར་དུ་དོད་དགོས་ཤིང་། བོད་ཁུལ་རིག་གནས་ཐོན་ཁུངས་སུ་ཐོན་ལས་བསྒྱུར་བ་མངོན་འགྱུར་བྱེད་པ་ནི་དམིགས་འབེན་དང་རིག་གནས་ཐོན་ལས་ཀྱི་ལས་གཞི་ནི་རམ་འདེགས་བྱེད་པར་བཟུང་ནས། བོད་རིགས་རིག་གནས་ཁྱད་ཆོས་འཛོམས་པའི་རྫོང་དང་ཞང་། གྲོང་རྡལ་སོགས་ནི་གནད་ས་ཡིན། ཐང་བོད་གནའ་ལམ་དང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ། མཚོ་སྔོན་པོ། མཚོ་བོད་ལྕགས་ལམ(གཞུང་ལམ)། རྨ་ཆུའི་འགྲམ་རྒྱུད་བཅས་སུ་ནུས་ཤུགས་ཡོད་རྒུས་བོད་ཁུལ་རིག་གནས་ཐོན་ལས་གླིང་བསྐྲུན་ནས། རྒྱལ་ཁབ་དང་དེ་མིན་ནུབ་རྒྱུད་ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་ཐོན་ལས་ཁྱབ་ཁོངས་སུ་གྲུབ་དགོས། 
        མངའ་ཁོངས་དེ་དག་ན་གྱ་ནོམ་པའི་གེ་སར་རིག་གནས་དང་རེབ་གོང་རིག་གནས། བོད་བཙན་པོའི་རིག་གནས། ཁུ་ནུ་རིག་གནས། ཁམས་པའི་རིག་གནས་སོགས་ཐོན་ཁུངས་མང་དུ་མངའ་ཞིང་། རིག་དངོས་ཤུལ་རྗེས་མང་བ་དང་གཟུགས་འདས་རིག་གནས་ཕུན་སུམ་ཚོགས་པ་ཡོད་དེ། གེ་སར། ཐང་ག  བོད་ཀྱི་ཟློས་གར། བོད་སྨན། ཤིང་ཁྲམ། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་། བོད་ལུགས་བཟོ་བསྐྲུན། ལྡེབས་རིས་སོགས་རིག་གནས་སྒྱུ་རྩལ་ཡོད།

པད་མ་རིག་འཛིན་གྱིས2013ལོའི་ཟླ་6པའི་ཚེས11ཉིན་གྱི་མཚོ་སྔོན་ཉིན་རེ་ཚགས་པར་ལས་བསྒྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།