རྣམ་རྒྱལ་དབང་ཕྱུག་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གླུ་བའི་འགྲན་སྡུར་དུ་བྱ་དགའ་ཨང་དང་པོ་ཐོབ།

རྩོམ་པ་པོ།:སྙུག་བཅུད་ལེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-17 14:22:00 ཀློག་གྲངས།:


སློབ་རའི་གླུ་བ་རྣམ་རྒྱལ་དབང་ཕྱུག་ལ་བྱ་དགའ་ཨང་དང་པོ་ཐོབ་པ།
校园歌手南杰旺秀荣获一等奖
སློབ་རའི་གླུ་བ་རྣམ་རྒྱལ་དབང་ཕྱུག་གིས་སྙན་གླུ་ལེན་བཞིན་པ།

  ཉེ་ལམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སྤྱིའི2013ལོའི་སློབ་རའི་གླུ་བ་ཕུལ་བྱུང་ཅན10གདམས་པའི་འགྲན་སྡུར་གྱི་བྱེད་སྒོ་དེ་སྤྱི་ཟླ5བ་ནས་འགོ་བཟུང་སྟེ།  རིམ་པ་མང་པོ་ཞིག་བརྒྱུད་པའི་མཐའ་མཇུག་གི་འགྲན་སྡུར་དེ་སྤྱི་ཟླ6པའི་ཚེས2ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་ནང་དུ་སྤེལ་བ་དང་།  མཐའ་མའི་རྟིང་རྩོད་ཁྲོད་མི་རིགས་མི་འདྲ་བ་མང་པོའི་ཁྲོད་ནས་གླུ་བ་གླུ་མ20བདམས་ཐོན་བྱུང་ཡོད་ལ།  དེ་ནི་ཀྲུང་གོའི་མངའ་ཁོངས་ཀྱི་གྲངས་ཉུང་མི་རིགས་ང་དྲུག་ལས་གླུ་བ་གླུ་མ་མང་པོ་ཞིག་ཞུགས་པའི་ཆེས་མཐའ་མཇུག་གི་རྟིང་རྩོད་དུ་ཞུགས་ཐུབ་པའི་མི20རེད།  ང་རང་ཚོ་ཆེས་དགའ་འོས་པ་ཞིག་ནི་དེ་འདྲའི་མི་རིགས་མི་འདྲ་བ་དང་ཤེས་བྱ་ཡི་ཀློང་བརྡོལ་བའི་རིག་གནས་བང་མཛོད་ཁྲོད་ཀྱི་འགྲན་རྩོད་པ་དེ་དག་ལས།  བོད་རིགས་སློབ་མ་རྣམ་རྒྱལ་དབང་ཕྱུག་གིས་ཨང་དང་པོའི་བྱ་དགའ་བླངས་པ་རེད།   ཁོ་བོས་འདིར་ངལ་བ་དང་དུ་བླངས་དེ་སློབ་རའི་གླུ་བ་རྣམ་རྒྱལ་དབང་ཕྱུག་ལ་རྟེན་འབྲེལ་ཞུ་བ་དང་ཡང་ན་ཁོའི་ལམ་ཁ་རྒྱ་ཆེར་བསྐྱེད་ཐུབ་པའི་སྨོན་འདུན་ཞིག་དང་ལྷན།   གནས་ཚུལ་འདི་རགས་བསྡུས་ཙམ་ཞིག་བཀོད་པའོ།།


སློབ་རའི་གླུ་བ་རྣམ་རྒྱལ་དབང་ཕྱུག་ལ་ཀུན་གྱི་དགའ་བསུ་ཐོབ་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།