མཚོ་སྔོན་བོད་སྨན་ཁང་ནི་ཞིང་ཆེན་ཡོངས་སྐབས་རིམ་དང་པོའི་གཟུགས་འདས་རིག་གནས་རྒྱུན་འཛིན་རྟེན་གཞིར་ཚུད།
ཟླ6པའི་ཚེས8ཉིན་ནི་རྒྱལ་ཡོངས་གཟུགས་འདས་རིག་གནས་ཤུལ་བཞག་ཉིན་མོ་བརྒྱད་པ་ཡིན་ཞིང་། ཉིན་འདིར་མཚོ་སྔོན་ཞིང་ཆེན་གསར་འགྱུར་དང་རིག་གནས་པར་སྐྲུན་ཐིན་གྱིས་ཆོག་མཆན་གནང་བའི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་རྒྱུན་འཛིན་རྟེན་གཞི15ལ་སྒོ་བྱང་གནང་བ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི“བདུད་རྩི་ལྔ་ལུམས”དང་། “གཏར་ག”ཡི་རྒྱུན་འཛིན་རྟེན་གཞི་རུ་ཚུད།
ལོ་དུ་མའི་རིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་གཟུགས་འདས་ཤུལ་བཞག་ཡར་ཞུའི་བྱ་བར་མཐོང་ཆེན་བྱེད་ཅིང་། འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ་བོད་ཀྱི་གསོ་རིག་སྨན་བཅོས་བྱེད་ཐབས་དང་ནུས་རྩལ་གྱི་རྣམ་གྲངས་དུ་མ་གཟུགས་འདས་ཤུལ་བཞག་ཏུ་ཡར་ཞུ་བྱས། 2008ལོར། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་རྩ་འཛུགས་དང་ཡར་ཞུ་བྱས་པའི“བདུད་རྩི་ལྔ་ལུམས”ཉིད་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་རིམ་པའི་སྐབས་རིམ་དང་པོའི་གཟུགས་འདས་རིག་གནས་ཤུལ་བཞག་མིང་ཐོར་ཚུད་ཅིང་། “གཏར་ག”ནི་མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com