མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་པི་ཝང་འབྲུག་མགོ་མའི་རྡུང་ལེན་ཚོགས་པ་བཙུགས་པ།
པི་ཝང་འབྲུག་མགོ་མའི་རྡུང་ལེན་འཁྲབ་སྟོན།(རྒྱུ་ཆའི་པར་རིས།)
ཉེ་ཆར། མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་པི་ཝང་འབྲུག་མགོ་མའི་རྡུང་ལེན་པ100བདམས་ནས་མི་བརྒྱ་ཡིས་གྲུབ་པའི་པི་ཝང་འབྲུག་མགོ་མའི་རྡུང་ལེན་ཚོགས་པ་བཙུགས་པ་རེད།
པི་ཝང་འབྲུག་མགོ་མའི་རྡུང་ལེན་ནི་མཚོ་སྐོར་ས་ཁུལ་གྱི་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཞིག་ཡིན་ཞིང་། ལོ་འགའི་སྔོན་ལ་གཟུགས་འདས་ཤུལ་བཞག་རིག་གནས་རྩིས་བཤེར་བྱེད་དུས་རྐང་ཚ་རྫོང་གི་གཟུག་འདས་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བཞག ད་ལོར་བཙུགས་པའི་པི་ཝང་འབྲུག་མགོ་མའི་རྡུང་ལེན་ཚོགས་པའི་ཚོགས་མི་ནི་རང་འཐད་དང་ལས་ཁུངས་ཀྱིས་འོས་སྦྱོར་བྱས་པ་ཡིན་ལ། རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཚོགས་པར་གཞས་ཚིག་དང་འཁྲབ་ཚན་བསྒྲིགས་ནས་ད་ལྟ་སྦྱོང་བ་བྱེད་བཞིན་པའི་སྒང་ཡིན་ཞིང་། འཆར་གཞི་ལྟར་ན་ད་ལོའི་ཟླ7པར་འཁྲབ་སྟོན་བྱ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com