བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ།
བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་
སྤེལ་བ།(པར་རིས་ཡོང་ཁུངས། ཞིན་ཧྭ་དྲ་བ)
ཟླ6པའི་ཚེས22ཉིན་ཏེ་བོད་ལུགས་ཀྱི་ཟླ5བའི་ཚེས14ཉིན། པཎ་ཆེན་སྐུ་ཕྲེང་རིམ་བྱིན་གྱི་བཞུགས་དགོན་ཏེ་བཀྲ་ཤིས་ལྷུན་པོ་དགོན་པ་རུ་ལོ་རེའི་ཉིན་གསུམ་གྱི་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་ཞིང་། དད་ལྡན་མང་ཚོགས་ཁྲི་སྟོང་ལྷག་མཇལ་སྐོར་དུ་སླེབས་པ་རེད།
བཀྲ་ཤིས་ལྷན་པོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པས་གསུང་རྒྱུར། གོས་སྐུ་བཤམས་པ་ནི་བཀྲ་ཤིས་ལྷན་པོ་དགོན་པའི་ལོ་རེའི་གཞི་རྒྱ་ཅུང་ཆེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། ད་ལྟའི་བར་ལོ་ངོ500ལྷག་གི་ལོ་རྒྱུས་ལྡན་པ་དང་། ལོ་རེའི་བོད་ལུགས་ཀྱི་ཟླ5བའི་ཚེས14ཉིན་ནས་ཚེས16བར་མཇུག་སྒྲིལ་ལ། ཉིན་རེར་རིམ་པ་བཞིན་འདས་པའི་སངས་རྒྱས་འོད་དཔག་མེད་དང་། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་སངས་རྒྱས་བྱམས་པ་མགོན་པོ་བཅས་གོས་སྐུ་བཤམས་པ་ཡིན།
སྔ་དྲོའི་ཆུ་ཚོད6ཡས་མས་སུ། བཀྲ་ཤིས་ལྷན་པོ་དགོན་གྱི་སྐོར་ལམ་དུ་སྤྱི་ལེ་འགར་མཇལ་བའི་ཕྲེང་བསྒྲིགས་ཤིང་། ཁོ་ཚོས་ལག་ལ་ཁ་བཏགས་དང་ཁ་ནས་མ་ཎི་འདོན་ཞོར་གོས་སྐུ་བཤམས་པའི་མཛད་སྒོ་ལ་སྒུག་ནས་འདུག ཆུ་ཚོད7:30ཀྱི་སྟེང་ལྷང་ལྷང་གི་དུང་སྒྲ་དང་བསྡོམས་ཏེ་ཐང་ག་སྒོར་བླངས་པ་དང་གྲྭ་བཙུན80ལྷག་གིས་ཕྲག་ཏུ་ཁུར་ནས་གོས་སྐུ་བཤམས་སར་སླེབས།
མཚམས་སྦྱོར་གནང་བ་ལྟར་ན། གོས་སྐུ་བཤམས་ས་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པས་སངས་རྒྱས་ཤཱཀྱ་ཐུབ་པར་རྗེས་དྲན་གྱི་ཆེད་དུ1468ལོར་འཛུགས་སྐྲུན་གནང་བ་དང་། དེའི་མཐོ་ཚད་ལ་སྨི32དང་། གོས་སྐུ་བཤམས་སྟེགས་ཀྱི་ཞབས་ངོས་ཞེང་ཚད་ལ་སྨི42.5། སྟེང་གི་ཞེང་ཚད་ལ་སྨི38། མཐུག་ཚད་ལ་སྨི3.5བཅས་ཡིན་ལ། སྤྱི་ལེ10ལྷག་གི་ས་ནས་ཀྱང་གསལ་ལེར་མཐོང་ཐུབ།
1961ལོའི་ཟླ3པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲ་ཤིས་ལྷུན་པོ་དགོན་པ་ཉིད་རྒྱལ་ཁབ་ཀྱི་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད་པ་ཁྱབ་བསྒྲགས་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com