རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལུས་རྩལ་རྒྱན་ཤོག་ཐོག་མ་མཚོ་སྔོན་ནས་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-25 10:24:00 ཀློག་གྲངས།:

我国首套藏汉双语体育彩票在青海省正式发行
རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལུས་རྩལ་རྒྱན་ཤོག་ཐོག་མ་མཚོ་སྔོན་ནས་འགྲེམ་སྤེལ་བྱས།

  ཟླ6པའི་ཚེས22ཉིན། རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལུས་རྩལ་རྒྱན་ཤོག་ཐོག་མ་སྟེ་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་དེ་མཚོ་སྔོན་ནས་འགྲེམ་སྤེལ་བྱས་པ་རེད།
  གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་འདིའི་སྟེང་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། རི་སྐྱེས་སྲོག་ཆགས། སྤྱི་ཚོགས་ཀྱི་སྲོལ་ལུགས། ལུས་རྩལ་འགྲན་སྡུར་སོགས་ཀྱི་རྒྱུ་ཆ་གཅིག་ཏུ་བསྡུས་ནས། གཙང་གསུམ་འབྱུང་ཡུལ་གྱི་ཁྱད་དུ་འཕགས་པའི་གཟི་དཔལ་མངོན་པར་མཚོན་ཡོད་པ་རེད།
  ཐེངས་འདིར་འགྲེམ་སྤེལ་བྱས་པའི་རྒྱན་ཤོག་ནི་ཡ་གླིང་གི་རྩེ་གྲས་འགྲན་དོན་དང་མཚོ་སྔོན་གྱི་མཛེས་ལྗོངས། མཚོ་སྔོན་གྱི་སྲོལ་ལུགས། མཚོ་སྐོར་འགྲན་སྡུར་བཅས་ཀྱི་རྗེས་སུ་སྤེལ་བའི་མཚོ་སྐོར་འགྲན་སྡུར་གྱི་མུ་འབྲེལ་རྒྱན་ཤོག་ཁག་ཅིག་ཡིན་ཞིང་། 2013ལོའི་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་པོད་གཅིག་ལ་ཆ་ཤས8ཡོད་པ་དང་། ཆ་ཤས་གཅིག་གི་རིན་ཐང་ནི་དམངས་སྒོར10ཡིན་ལ། བསྡོམས་པས་ཐེངས12ལ་བྱ་དགའ་ཐོབ་པའི་གོ་སྐབས་ཡོད་པ་དང་། ཆེས་མཐོ་བའི་བྱ་དགའི་དངུལ་སྒོར་ཁྲི25ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།