དབྱངས་ཅན་ལྷ་མོའི་ཐང་ག་འབྲི་བཞེངས་ཀྱི་ཕུགས་འདུན།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-26 09:36:00 ཀློག་གྲངས།:

拉姆在老师的唐卡展厅里(6月19日拍摄)。.
ཐང་ག་འབྲི་བཞེངས་ཀྱི་ཕུགས་འདུན་འཚོལ་སྙེག་བྱེད་བཞིན་པའི་དབྱངས་ཅན་ལྷ་མོ།

དབྱངས་ཅན་ལྷ་མོས་ཐང་ག་འབྲི་བཞེངས་བྱེད་བཞིན་པ།

དབྱངས་ཅན་ལྷ་མོ་དང་ཁོ་མོས་བཞེངས་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།

  ཁོ་མོའི་མིང་ལ་ཀྲུའུ་ཅིན་རོས་ཟེར་ཞིང་། ནང་སོག་ནས་ཡོང་བའི་རྒྱ་རིགས་བུ་མོ་ཞིག་ཡིན། ཐང་ག་འབྲི་བཞེངས་ཀྱི་ཕུགས་འདུན་དྲག་པོ་དེའི་དབང་གིས་ཁོ་མོ་དང་སྐུ་འབུམ་བྱམས་པ་གླིང་གཉིས་བར་འབྲེལ་བ་དམ་པོ་ཞིག་ཆགས་ཤིང་། དགོན་པ་དེའི་བླ་མ་ཞིག་གིས་ཁོ་མོའི་མིང་ལ་དབྱངས་ཅན་ལྷ་མོ་ཞེས་བཏགས་པ་རེད།
  སློབ་ཆེན་འགྲིམ་པའི་སྐབས་སུ་ཀྲུའུ་ཅིན་རོས་ཀྱིས་དུས་དེབ་ཅིག་གི་སྟེང་བཀོད་པའི་ཐང་གའི་པར་རིས་མཐོང་པ་ནས་བཟུང་། ངོ་མཚར་ཆེ་བའི་ཐང་གའི་ཐིག་རིས་དང་གསོན་ཉམས་དོད་པོ་ལྡན་པའི་ལྷ་སྐུ་སོགས་ཀྱི་སྣང་བརྙན་དེ་ཁོ་མོའི་བློ་ངོར་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་འཇིག་པ་མེད་པར་ཡང་ནས་ཡང་དུ་འཆར་བས། ཁོ་མོས་སྐུ་འབུམ་བྱམས་པ་གླིང་དུ་ཐང་གར་སློབ་སྦྱོང་བྱེད་པའི་སེམས་ཐག་བཅད་ལ། བགྲང་བྱ་གཉིས་ཀྱི་རིང་ལ་ཁོ་མོས་ཉིན་མཚན་དབྱེར་མེད་ཀྱིས་ཐང་ག་འབྲི་བཞེངས་རྒྱུན་འཁྱོངས་བྱས་ལ། ཁོ་མོས་བཤད་རྒྱུར་མ་འོངས་པར་མུ་མཐུད་དུ་ཐང་གའི་འབྲི་བཞེངས་ལ་བརྩོན་པ་བྱེད་ངེས་ཡིན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།