བོད་ལྗོངས་ཀྱི་མཐའི་གྲོང་རྡལ་ཕག་རིར་འཛམ་གླིང་སྤྱི་བསང་དུས་ཆེན་རོལ་བ།
བོད་ལྗོངས་ཀྱི་མཐའི་གྲོང་རྡལ་ཕག་རིར་འཛམ་གླིང་སྤྱི་བསང་དུས་ཆེན་རོལ་བ།
ཟླ6པའི་ཚེས23ཉིན་ཏེ་བོད་ལུགས་ཀྱི་ཟླ5པའི་ཚེས15ཉིན་ལ། བོད་ལྗོངས་གྲོ་མོ་རྫོང་གི་ཕག་རི་གྲོང་རྡལ་དུ་བོད་པ་ཚོས་ལུས་ལ་གཟབ་མཆོར་གྱིས་སྤྲས་ཤིང་། སྔ་མོ་ནས་དར་ལྕོག་དང་ལྷ་བསང་སོགས་བཟུང་སྟེ་སྲོལ་རྒྱུན་གྱི་དུས་སྟོན་ཆེན་མོ་སྟེ་འཛམ་གླིང་སྤྱི་བསང་དུས་ཆེན་རོལ་འགོ་བརྩམས་པ་རེད།
དུས་ཆེན་འདིའི་སྟེང་དད་ལྡན་མང་ཚོགས་ཀྱིས་དགྲ་ལྷ་ལ་ལྷ་རྫས་ཁ་བཏགས་ཀྱི་མཆོད་འབུལ་གནང་ནས་མཇལ་བ་དང་། དེའི་རྗེས་རི་མགོར་སོང་ནས་ལྷ་བསང་གཏོང་བ་དང་། རླུང་རྟ་སྤུར་བ། དར་ལྕོག་འདོགས་པ་སོགས་ཆོས་ཀྱི་ཆོ་ག་རབས་དང་རིམ་པ་སྤེལ་རྗེས། ཟས་རིགས་གྱ་ནོམ་པ་གྲ་སྒྲིག་བྱས་ནས་རྩྭ་ཐང་དུ་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ཏེ་སྤྲོ་གསེང་བཏང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com