ཞིན་ཅང་བོད་བརྒྱུད་ནང་བསྟན་ལས་སྒྲུབ་མི་སྣའི་ནང་ཆོས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཞིན་ཅང་བོད་བརྒྱུད་ནང་བསྟན་ལས་སྒྲུབ་མི་སྣའི་ནང་ཆོས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཟླ6པའི་ཚེས21ཉིན། ཞིན་ཅང་བོད་བརྒྱུད་ནང་བསྟན་ལས་སྒྲུབ་མི་སྣའི་ནང་ཆོས་གསོ་སྦྱོང་འཛིན་གྲྭ་ཐཱ་ཁྲིན་ས་ཁུལ་དང་པུའུ་ཁི་སེར་རྫོང་དུ་བསྡུས་ཤིང་། བོད་བརྒྱུད་ནང་བསྟན་གྱི་ན་གཞོན་ལས་སྒྲུབ་མི་སྣ40ལྷག་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཟླ་བ6གི་དུས་ཡུན་བེད་སྤྱད་པ་དང་། ཁུལ་ཡོངས་ཀྱི་ཆབ་སྲིད་བསམ་བློ་ལེགས་ཤིང་སྤྱོད་གཤིས་བཟང་བ། ནང་ཆོས་ཀྱི་ཤེས་ཡོན་མཐོ་བའི་ལས་སྒྲུབ་མི་སྣ་དང་ཆེད་མཁས་པ་དང་ཤེས་ཡོན་པ་སོགས་ཀྱིས་དགེ་རྒན་གྱི་འགན་བཞེས་ཏེ་ནང་ཆོས་དང་། ཆབ་སྲིད། རྒྱའི་སྐད་ཡིག རྩིས་འཁོར་སོགས་ཀྱི་བསླབ་གཞི་འཆད་ཁྲིད་བྱེད་ཅིང་། དེ་ལས་ནང་ཆོས་འཆད་ཁྲིད་ཀྱིས2/3ཟིན་པ་དང་། ཆབ་སྲིད་ཀྱི་སློབ་ཁྲིད་དང་། རྒྱའི་སྐད་ཡིག་སློབ་ཁྲིད། རྩིས་འཁོར་བཅས་ཀྱིས1/3ཟིན་པ་རེད།
སློབ་མའི་ཚབ་བྱེད་པ་རྣམས་ཀྱིས་སློབ་སྦྱོང་གི་གོ་སྐབས་དམ་འཛིན་དང་སྒྲིག་ལམ་ཡག་པོར་སྲུང་ནས་ཐེངས་འདིའི་གསོ་སྦྱོང་བདེ་བླག་ངང་མཇུག་སྒྲིལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com