མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་བོད་ཀྱི་རིག་གནས་འགྲེམ་སྟོན་ཁང་འཛུགས་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་སྐྱོང་ཁུལ་རྐང་ཚ་རྫོང་དུ་བོད་ཀྱི་རིག་གནས་འགྲེམ་སྟོན་ཁང་འཛུགས་འཆར་ཡོད་ཅིང་། འགྲེམ་སྟོན་ཁང་འདི་ནི་མཚོ་སྔོན་པོའི་བོད་མཁར་ཞེས་པའི་འཛུགས་སྐྲུན་འཆར་འགོད་ལྟར་གསར་དུ་འཛུགས་སྐྲུན་བྱེད་པའི་བོད་ཀྱི་རིག་གནས་འགྲེམ་སྟོན་ཁང་ཞིག་ཡིན་པ་དང་། གནས་སྐབས་སུ་རིགས་དྲུག་ཡིད་བཞིན་དཀྱིལ་འཁོར་ཞེས་མཚན་གསོལ་བ་ཡིན་མོད། འདིའི་ཐད་ལ་ད་དུང་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་རྒྱ་ཆེར་བགྲོ་གླེང་དང་བསམ་ཚུལ་བཏོན་ཏེ་འོས་ཤིང་འཚམ་ལ་འགྱུར་མེད་ཀྱི་མཚན་ཞིག་འདོགས་རོགས་གནང་བར་མཁྱེན།
འགྲེམ་སྟོན་ཁང་འདིར་སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ་བཅས་བཞུགས་སུ་གསོལ་ཞིང་། ནང་དུ་ཚོན་ལྡན་ཐང་ག་དང་། ལྷ་སྐུ། གཙག་དྲུབས། མཆོད་མར་མེ་ཏོག དངོས་གཟུགས་ཀྱི་ཕྱི་དཔེ་སོགས་རྣམ་པ་མང་བོར་མངོན་པའི་རང་བྱུང་རི་ཆུ་དང་། མི་ཆོས་ལོ་རྒྱུས། ཆོས་ལུགས་དད་མོས་སོགས་ནང་དོན་འདུས་ལ། ཆོས་ལུགས་དད་མོས་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བ་དང་། ས་སྐྱ་བ། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་གྲུབ་མཐའ་བཞིའི་བྱུང་རིམ་དང་མཆོད་སྒྲུབ་སོགས་འདུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com