སྐབས་གཉིས་པའི་ཧི་མ་ལ་ཡའི་རྒྱལ་ཡོངས་ཀྱི་བྲག་འཛེག་གདན་ཞུ་འགྲན་བསྡུར་འགོ་བརྩམས་པ།
སྐབས་གཉིས་པའི་ཧི་མ་ལ་ཡའི་རྒྱལ་ཡོངས་ཀྱི་བྲག་འཛེག་གདན་ཞུ་འགྲན་བསྡུར་འགོ་བརྩམས་པ།
ཟླ7པའི་ཚེས3ཉིན། འགྲོ་བ་མིའི་རིགས་ཇོ་མོ་གླང་མར་འཛེག་ནས་ལོ་འཁོར60ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་སྟེང་། སྐབས་གཉིས་པའི་ཧི་མ་ལ་ཡའི་རྒྱལ་ཡོངས་ཀྱི་བྲག་འཛེག་གདན་ཞུ་འགྲན་བསྡུར་རམ་རྒྱལ་ཡོངས་ཀྱི་བྲག་འཛེག་ཡན་ལག་ས་ཚུགས་ཀྱི་འགྲན་བསྡུར་འགོ་བརྩམས་པ་རེད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་བྲག་འཛེག་པ་མི40ལྷག་འགྲན་བསྡུར་ལ་ཞུགས་ནས་སོ་སོའི་འཇོན་ཐང་ངོམ།
སྐྱེས་མའི་དཀའ་ཚད་འགྲན་སྡུར་སྟེང་བོད་ལྗོངས་ཀྱི་ལུས་རྩལ་པ་གྲགས་ཅན་རིན་ཆེན་ལྷ་མོ་ལགས་འགྲན་སྡུར་ལ་ཞུགས་ནས། ལྟད་མོ་བ་རྣམས་ཀྱི་མཐོང་ལམ་དུ་ཁོ་མོའི་བྲག་འཛེག་གི་འཇོན་ཐང་མངོན་པས་དགའ་བསུ་ཆེན་པོ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com