མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་སྐོར་བྲོ་འགྲན་སྡུར་རྐང་ཚ་རུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-08 10:05:00 ཀློག་གྲངས།:

青海省第二届千人锅庄舞大赛在刚察县举行
མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་སྐོར་བྲོ་འགྲན་སྡུར་རྐང་ཚ་རུ་བསྡུས་པ།

  ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཞབས་བྲོ་པའི་མཐུན་ཚོགས། མཚོ་བྱང་ཁུལ་རྐང་ཚ་རྫོངས་མི་དམངས་སྲིད་གཞུང་སོགས་ཀྱིས་མཉམ་དུ་བསྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་མི་སྟོང་ཕྲག་གིས་འཁྲབ་པའི་སྐོར་བྲོ་འགྲན་སྡུར་དེ་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་བསྡུས་པ་རེད།
  ཐེངས་འདིའི་འགྲན་སྡུར་སྟེང་མི་སྟོང་གཅིག་ལྷག་ཞུགས་ཡོད་ཅིང་། དཔྱད་འདེམས་པ་རྣམས་ཀྱིས་ཐོག་མར་མི་སྟོང་གཅིག་ལས་མི་ཉིས་བརྒྱ་དང་། མི་ཉིས་བརྒྱ་ལས་མི་བརྒྱ། མི་བརྒྱ་ལས་མི50བཅས་རིམ་པ་བཞིན་བདམས་པ་རེད། ཐེངས་འདིའི་འགྲན་སྡུར་གྱིས་མི་དམངས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པའི་ཁར། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་མཚོན་བྱེད་པར་དགེ་མཚན་མི་དམན་པ་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།