བོད་རིག་པའི་ཁྱབ་ཁོངས་ཀྱི་ལས་གཞི་མང་པོ་རྒྱལ་ཁབ་མཚན་ཉིད་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་སུ་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-08 15:25:00 ཀློག་གྲངས།:

        ཉེ་ལམ། 2013ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཞིབ་དཔྱད་མཇུག་འབྲས་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་ལས་ཁང་གིས་ཐོབ་ཐང་ཞིབ་བཤེར་དང་། གསང་མིང་བརྡ་འཕྲིན་ཞིབ་བཤེར། གྲོས་ཚོགས་ཞིབ་བཤེར། འགོ་ཁྲིད་ཚན་ཆུང་ཆོག་མཆན་སོགས་ཀྱི་གོ་རིམ་བརྒྱུད་ཐོག  མཐར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཆེད་དོན་རྣམ་གྲངས18ལ་ཆོག་མཆན་ཐོབ་ཅིང་། དེ་ལས་གལ་ཆེའི་ལས་གཞིའི་རྣམ་གྲངས2དང་། སྤྱིར་བཏང་ལས་གཞི་རྣམ་གྲངས5། ན་གཞོན་ལས་གཞིའི་རྣམ་གྲངས4། ནུབ་རྒྱུད་ལས་གཞིའི་རྣམ་གྲངས7བཅས་ལ་རོགས་དངུལ་བསྡོམས་པས་སྒོར་ཁྲི348ཐོབ་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞིའི་རྣམ་གྲངས18དུ་རྩོམ་རིག་དང་། གེ་སར། ཚད་མ་རིག་པ། ཡིག་སྒྱུར་སོགས་བོད་རིག་པའི་ཁྱབ་ཁོངས་ཀྱི་ལས་གཞི་འདུས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་གཡང་མོ་སྐྱིད་ཀྱི་དཔྱད་རྩོམ་ཞིག་དང་། གེ་སར་ཞིབ་འཇུག་ཁང་གི་འགོ་གཙོ་གཅོད་པ་དོན་གྲུབ་ཀྱི《དར་ཆེ་བའི་གེ་སར་སྒྲུང་རྒྱུན་རྩིས་བཤེར་དང་ཞིབ་འཇུག》གཉིས་ནི་གལ་ཆེའི་ལས་གཞིའི་རྣམ་གྲངས་སུ་ཚུད་པ་དང་། བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཟླ་བའི《རྒྱ་བོད་གཏན་ཚིགས་རིགས་ལམ་གྱི་ཞིབ་བསྡུར་ཞིབ་འཇུག》དང་དཔེ་མཛོད་ཁང་གི་ཏུན་རྡོ་རྗེའི《བཀའ་བསྟན་དཀར་ཆག་སྒྲིག་བཟོའི་ཞིབ་འཇུག》གཉིས་ནི་སྤྱིར་བཏང་ལས་གཞིའི་རྣམ་གྲངས་ཀྱི་གྲས་སུ་ཚུད་ཅིང་། བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་དབང་རྡོ་རྗེའི《བོད་ཀྱི་ལོ་ཙཱའི་དཔྱད་བརྗོད་ཞིབ་འཇུག》དང་སྒྱུ་རྩལ་སློབ་གླིང་གི་ཚའོ་ཡ་ལེའི《<གེ་སར>ངག་ཐོག་གི་མི་རིགས་བཤད་རྒྱུན་ཞིབ་འཇུག》གཉིས་ནི་ནུབ་རྒྱུད་ལས་གཞིའི་རྣམ་གྲངས་སུ་ཚུད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།