ཞོ་སྟོན་གྱི་སྐབས་སུ་བོད་ཟས་འགྲེམ་སྟོན་དང་བོད་ཟས་འགྲན་སྡུར་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-12 10:15:00 ཀློག་གྲངས།:


མ་ཎི་འཁོར་ལོའི་དབྱིབས་ལྟར་བཟོས་པའི་རྩམ་པ།

  རྒྱུས་ལོན་བྱུང་བ་ལྟར་ན། 2013ལོའི་ལྷ་སའི་ཞོ་སྟོན་དེ་ཟླ8པའི་ཚེས6ཉིན་ནས་ཟླ8པའི་ཚེས12ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། ད་ལོའི་ཞོ་སྟོན་གྱི་སྐབས་སུ་བོད་ཀྱི་ཟློས་གར་འཁྲབ་སྟོན་དང་གོས་སྐུ་བཤམས་པ་སོགས་སྲོལ་རྒྱུན་གྱི་རིག་གནས་ཕན་སུམ་ཚོགས་པ་འདུས་པར་མ་ཟད། སྐབས་དང་པོའི་བོད་ཟས་འགྲེམ་སྟོན་དང་བོད་ཟས་གཡོ་སྐོལ་གྱི་འགྲན་སྡུར་སྤེལ་རྒྱུ་རེད།
  ཞོ་སྟོན་ནི་བོད་ཀྱི་སྲོལ་རྒྱུན་གྱི་དུས་སྟོན་ཞིག་ཡིན་ལ། ཉེ་བའི་ལོ་ནང་གནས་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རིག་རྩལ་འཁྲབ་སྟོན་དང་གནས་སྐོར་སྤྲོ་གསེང་། ལུས་རྩལ་འགྲན་སྡུར། ཚོང་གཉེར་ཚོང་འདྲེན་བཅས་གཞི་གཅིག་ཏུ་འདྲེས་པའི་སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་གྱི་སྤྲོ་སྟོན་རྒྱ་ཆེན་པོ་ཞིག་ཏུ་གྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།