ཁྲི་ཀའི་ཡུལ་ལྷ་ཁང་སོགས་སྲུང་སྐྱོབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-18 10:38:00 ཀློག་གྲངས།:

ཁྲི་ཀའི་ཡུལ་ལྷ་ཁང་སོགས་སྲུང་སྐྱོབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ།

        རང་བྱུང་རིག་གནས་ཤུལ་བཞག་མུ་མཐུད་དུ་སྲུང་སྐྱོབ་དང་། མཚོ་སངཽན་ཞིང་ཆེན་གྱི་རིག་གནས་ཤུལ་བཞག་མཚན་རྟགས་བསྐྲུན་པར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཀྲུང་དབྱང་སྔོན་རྩིས་ཀྱི་མ་དངུལ་སྒོར་ཁྲི2500བརྩོན་ལེན་བྱས་ཏེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཡུལ་ལྷ་ཁང་དང་ཆོས་རྒྱལ་ལྷ་ཁང་། དགོན་ལུང་རྫོང་གི་ཆུ་བཟང་དགོན་པ། ནཱ་གོར་མོ་ཁུ་ནུ་རི་བོའི་རྒྱལ་ཁབ་ས་གཤིས་གླིང་ག  གྲོ་ཚང་རྫོང་ལི་ཝན་གནས་ཤུལ་སོགས་ལས་གཞི4ཡི་སྲུང་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་རེད།
        རྒྱུས་ལོན་པ་ལྟར་ན། མིག་སྔར་ལས་གཞི་འདིའི་ཚན་ཞིབ་སྙན་ཞུའི་ཞིབ་བཤེར་ཆོག་མཆན་གྱི་དུས་སྔོན་བྱ་བ་ལེགས་འགྲུབ་བྱུང་ཞིང་། ཐོག་མའི་ཇུས་གཞི་ཞིབ་བཤེར་དང་འོས་སྐུལ་འོས་འཇུག་བྱེད་པའི་སྒང་ཡིན། ལས་གཞི་འདི་བསྐྲུན་རྗེས་མཚོ་སྔོན་གྱི་རང་བྱུང་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྒྲིག་ཆས་ཆ་རྐྱེན་སྔར་ལས་ལེགས་བཅོས་བྱེད་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།