སློབ་རའི་གློག་བརྙན《རྫི་གླུ་སྨུག་པོ》ཕབ་སྐྲུན་སྒྲིག་སྦྱོར་བྱ་བ་ཡོངས་སུ་རྫོགས་པ།
སློབ་རའི་གློག་བརྙན《རྫི་གླུ་སྨུག་པོ》།
དེ་ཡང་། བོད་རིགས་སློབ་འབྲིང་སློབ་མ་ཐུབ་བསྟན་རྒྱ་མཚོས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་སློབ་རའི་གློག་བརྙན《རྫི་གླུ་སྨུག་པོ》ཞེས་པ་དེ་ཟླ་སྔོན་མའི་ནང་ཕབ་སྐྲུན་བྱ་བ་ཡོངས་སུ་རྫོགས་པར་མ་ཟད། ཟླ8པར་བོད་ཀྱི་སྙན་ངག་པའི་ཚོགས་པ་མི་རབས་གསུམ་པའི་སྙན་ངག་བགྲོ་གླེང་འདུ་ཚོགས་སྐབས་བདུན་པའི་སྟེང་དངོས་སུ་སྟོན་རྒྱུ་ཡིན་པར་མ་ཟད། དེ་དང་ལྷན་ཅིག་གློག་བརྙན་གྱི་འོད་སྡེར་ཀྱང་ཚོང་རར་འགྲེམ་རྩིས་ཡོད་པས། གློག་བརྙན་འདིར་སྤྲོ་བ་ཡོད་པའི་ལྟ་མཁན་ལྷན་རྒྱས་ཀྱི་བསམ་པའི་རྒྱགས་ཕྱེ་རུ་འགྱུར་བའི་རེ་བ་ཤིན་ཏུ་ནས་ཆེའོ། །
གློག་བརྙན་འདི་ནི་བོད་རིགས་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཞིར་བཟུང་ནས། དེང་རབས་འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་གསར་བ་དང་ཡུལ་སྲོལ་གོམས་གཤིས་ལ་སོགས་པའི་ཁྲོད་ནས་མི་རིགས་འདིའི་རྒྱུད་དུ་བག་ལ་ཞ་བའི་སྲོལ་རྒྱུལ་གྱི་ལྟ་བ་རྙིང་བ་དང་དེང་རབས་ཀྱི་འཕེལ་འགྱུར་བར་གྱི་འགལ་བ་རེ་འགས་ན་གཞོན་ཕོ་མོ་འདི་གཉིས་ཀྱི་ལྷད་མ་གོས་པའི་བརྩེ་དུང་ལ་ཕོག་ཐུག་བཟོས་པ་དང་། དེའི་ཞོར་དུ་དེང་རབས་ན་གཞོན་དག་གིས་བརྩེ་དུང་དང་ཕུགས་བསམ་བར་གྱི་གདམ་གསེས་ལ་བཟུང་བའི་རྣམ་འགྱུར་ཀྱང་མཚོན་ཡོད་པས་ན། སྣ་མང་རྙོག་འཛིང་གི་གཏམ་རྒྱུད་བར་ནས་ལྟ་མཁན་ཁྱེད་ལའང་ཚོར་བ་ཡན་གར་བ་ཞིག་མི་སྟེར་ག་ལ་སྲིད།
འཁྲབ་གཞུང་རྩོམ་པ་པོ། འབྲོང་ཕྲུག་ལྷ་ཆེན་རྒྱལ།
འཁྲབ་ཁྲིད་པ། ཐུབ་བསྟན་རྒྱ་མཚོ།
འཁྲབ་གཉེར་བ། ཀུན་བཟང་རྒྱལ།
བརྙན་ལེན་པ། སྟོབས་ལྡན་བཀྲ་ཤིས
འཁྲབ་སྟོན་པ་གཙོ་བོ།
བཀྲ་ཤིས་དོན་གྲུབ། ཐུབ་བསྟན་རྒྱ་མཚོས་འཁྲབ།
ཚེ་རིང་སྒྲོལ་མ། འབུམ་སྐྱིད་སྒྲོལ་མས་འཁྲབ།
ཨ་ཁུ་ཀླུ་སྐྱབས། དགེ་བོ་བཀྲ་ཁོས་འཁྲབ།
ཨ་མ་ལྷ་མཚོ། རྒྱ་མོ་ཐར་གྱིས་འཁྲབ།
གཙོ་སྒྲུབ་ལས་ཁུངས། བྲག་དཀར་ལྷ་རི་བོད་དམངས་ཁྲོད་རིག་གནས་ལས་གཉེར་ཁང་།
སློབ་རའི་གློག་བརྙན《རྫི་གླུ་སྨུག་པོ》ཞེས་པའི་སྔོན་སྒྲོག་དྲ་གནས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com