མཚོ་བྱང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-19 09:43:00 ཀློག་གྲངས།:

海北藏族自治州建州60周年庆祝会
མཚོ་བྱང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་བསྡུས་པ།

  ཟླ7པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་དེ་ནུབ་མཚོ་གྲོང་རྡལ་དུ་གཟབ་རྒྱས་ངང་བསྡུས་པ་རེད།
  ཐེངས་འདིའི་ཁུལ་སྟོན་ཆེན་མོའི་སྟེང་། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་སྨིན་འབྲས་འགྲེམ་སྟོན་བྱས་པར་མ་ཟད། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་འགྲེམ་སྟོན་སོགས་ས་གནས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་བ་རེད།
  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ཕྱོགས་སུ་ཡོད་ཅིང་། མདོ་ལ་རིང་མོ་རྒྱབ་ཏུ་བརྟེན་ཞིང་མཚོ་སྔོན་པོ་པང་དུ་འཁྱིལ་འདུག་པས། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྒྲིབ་ཆོད་དུ་ཆགས་འདུག  ས་གནས་ཀྱི་སྤྱིའི་མི་གྲངས་ལ་མི་གྲངས་ཁྲི28.99ཡོད་པའི་ཁྲོད། གྲངས་ཉུང་མི་རིགས་ཀྱིས་66%ཟིན་ཡོད་པ་རེད།


ལུས་ལ་གཟབ་མཆོར་གྱིས་སྤྲས་ནས་ཁུལ་སྟོན་ལ་རོལ་བ།

མཚོ་བྱང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་སྟེང་གི་རྟ་རྩལ་རུ་ཁག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།