གླུ་བ་རྟ་མགྲིན་འབུམ་གྱི་དམངས་གླུ་ཆེད་སྒྲིག་བརྙན་འཁོར་ཐོག་མ་འགྲེམ་ལ་ཉེ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-22 09:36:00 ཀློག་གྲངས།:

藏族歌手旦正本首张民歌个人专辑即将发行
གླུ་བ་རྟ་མགྲིན་འབུམ་གྱི་དམངས་གླུ་ཆེད་སྒྲིག་བརྙན་འཁོར་ཐོག་མ་འགྲེམ་ལ་ཉེ།

  རྒྱུས་ལོན་བྱུང་བ་ལྟར་ན་བོད་ཀྱི་གླུ་བ་རྟ་མགྲིན་འབུམ་གྱིས་བགྲང་བྱ་དུ་མའི་རིང་གི་ཉམས་མྱོང་ཕུན་སུམ་ཚོགས་པ་བཅུད་དུ་བསྡུས་ནས་དམངས་གླུ་ཆེད་སྒྲིག་བརྙན་འཁོར་ཐོག་མ་སྟེ《བོད་ཁ་བ་ཅན་ལ་གླུ་ཞིག་ལེན》ཞེས་པ་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་རེད།
  གླུ་བ་རྟ་མགྲིན་འབུམ་ནི་མཚོ་སྔོན་དཔལ་ལུང་ནས་ཡིན་ཞིང་། 2006ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན། མཚོ་སྔོན་གྱི་མི་རིགས་རིག་གནས་གནས་སྐོར་དུས་ཆེན་གྱི་བོད་ཀྱི་དམངས་གླུ་འགྲན་སྡུར་དང་སྐབས་དང་པོའི་མཚོ་ལྷོའི་ན་གཞོན་གླུ་བའི་འགྲན་སྡུར་སོགས་ཀྱི་སྟེང་བྱ་དགའ་མང་པོ་ཐོབ་པར་མ་ཟད། མཚོ་སྔོན་བོད་སྐད་ལེ་ཚན་གྱིས་བསྡུས་པའི་ལོ་སར་དགོང་ཚོགས་དང་ཆེད་སྒྲིག་སྤྲོ་ཚོགས་མང་པོའི་སྟེང་ཞུགས་ནས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།