མཛའ་གཞས་འགྲན་ཚོགས་ཀན་སུའུ་འགྲན་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-22 10:33:00 ཀློག་གྲངས།:

        ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ས་ཁུལ་བོད་རིགས་མཛའ་གཞས་འགྲན་ཞུགས་པས་ཛ་དྲག་གི་འགྲན་བསྡུར་བརྒྱུད། 2013ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས(བོད་སྐད་གཉུག་རྣམ་ལེན་སྟངས)མཛའ་གཞས་འགྲན་བསྡུར་ཀན་སུའུ་འགྲན་ཁུལ་གྱི་འགྲན་ཞུགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བསྡོམས་པས་མི8ལེགས་འདེམ་བྱུང་བ་དང་། སོ་སོ་ནི་ཀན་ལྷོའི་ཀླུ་ཆུ་རྫོང་གི་རྡོ་རྗེ་དང་། མགོན་པོ་སྐྱིད། བསང་ཆུ་རྫོང་གི་ཚེ་དབང་རིག་འཛིན་དང་། སྒྲོལ་མ་མཚོ། ཚེ་རིང་བསམ་གྲུབ། པདྨ་མཚོ། གཡང་སྐྱིད། སྒྲོལ་དཀར་སོགས་ཡིན།
        ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་ཞི་གཞོན་པ་བསོད་ནམས་རྡོ་རྗེས་མཚམས་སྦྱོར་གནང་བ་ལྟར་ན། འདི་ལྟ་བུའི་འགྲན་བསྡུར་བྱ་འགུལ་སྤེལ་བ་ནི་རང་རྒྱལ་སྣ་མང་རིག་གནས་སྲུང་སྐྱོབ་དང་། མི་རིགས་དམངས་ཁྲོད་རོལ་མོའི་སྒྱུ་རྩལ་ཁྱབ་སྤེལ་དང་འགྲེམ་སྟོན་བྱེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྔར་ལས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་སྐུལ་འདེད་བྱེད་པ་དང་། ས་གནས་སོ་སོའི་མི་རིགས་དམངས་ཁྲོད་རོལ་མོ་འབྲེལ་འདྲིས་དང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་སྒོས་བོད་ཁུལ་གྱི་གཉུག་རྣམ་མཛའ་གཞས་ཀྱི་དགེ་མཚན་ཆེན་མོ་ངོམ་པ་ཡིན། སྐབས་འདིའི་འགྲན་བསྡུར་ཆེན་མོ་ནི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་མཉམ་འབྲེལ་སྒོས་ཟླ8པའི་ཟླ་མཇུག་ཏུ་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་སྤེལ་བ་ཡིན།
        རྒྱུས་ལོན་པ་ལྟར་ན། བོད་ཀྱི་ལ་གཞས་འགྲན་བསྡུར་ནི་བོད་རིགས་མི་དམངས་ཀྱིས་བརྩེ་དུང་དང་མཛེས་སྡུག་འཚོ་བར་བསྔགས་བརྗོད་བྱེད་ཅིང་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གཅེས་ནོར་དུ་ངེས། 2003ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་སྐབས་བརྒྱད་ལ་སྤེལ་ཟིན། འགྲན་བསྡུར་གྱི་ཁྱབ་རྒྱ་དང་ལེ་ཚན་རྣམ་གྲངས་ཀྱི་ཚད་གཞི་སོགས་ཀྱང་བསྟུད་མར་མཐོར་འདེགས་བྱུང་ཞིང་། སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་མཚོ་སྔོན་ཞིང་ཆེན་གྱི་མཚོན་རྟགས་རིག་གནས་ལས་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།