བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་མདའ་དམག་དུས་ཆེན་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-25 10:18:00 ཀློག་གྲངས།:

西藏江孜万名群众共庆达玛节
བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་མདའ་དམག་དུས་ཆེན་བསྡུས་པ།

བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་མདའ་དམག་དུས་ཆེན་བསྡུས་པ།

  ཟླ7པའི་ཚེས25ཉིན། བོད་ལྗོངས་རྒྱལ་རྩེ་རྫོང་དུ་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ མདའ་དམག་དུས་ཆེན་བསྡུས་ཤིང་། ཡུལ་དེའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་གྱི་སྤྲས་ནས་གླུ་ལེན་གར་རྩེད་དང་། རྟ་རྒྱུག་འགྲན་སྡུར། མདའ་འཕེན་འགྲན་སྡུར་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སྲོལ་རྒྱུན་གྱི་དུས་སྟོན་ལ་རོལ།
  ཤོད་རྒྱུན་ལ་སྤྱི་ལོ1408ལོར་ས་སྐྱའི་ནང་བློན་ཆེན་མོ་འཕགས་པ་བཟང་བོའི་སྲས་ཀུན་བཟང་རབ་བརྟན་གྱིས་ལས་གནས་བཟུང་སྟེ་རྒྱལ་རྩེའི་འགོ་དཔོན་གནང་བ་དང་། ཡབ་ཆེན་གྱི་ཞལ་ཆེམས་ལྟར་འདས་མཆོད་ཀྱི་བྱེད་སྒོ་བསྐྱར་སྤེལ་གྱིས་ལོ་རེའི་བོད་ཟླ་བཞི་བའི་ཚེས་བཅུ་དགུ་ནས་ཉི་ཤུ་བདུན་བར་གོས་སྐུ་བཀྲམ་པ་དང་། འཆམ་རྒྱག་པ། ལྷ་འབེབས་མོ་འདེབས་བྱེད་པ། ཕུད་རྟ་རྒྱུག་པ། ཤུགས་འགྲན་པ། མདའ་འཕེན་པ་སོགས་མཆོད་འབུལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱིན་ཡོད།


བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་མདའ་དམག་དུས་ཆེན་བསྡུས་པ།

བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་མདའ་དམག་དུས་ཆེན་བསྡུས་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།