མཚོ་ལྷོའི་འབའ་རྫོང་དུ་སྐབས་དང་པོའི་རྨ་ཆུའི་ནོར་ནག་རིག་གནས་དུས་སྟོན་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-30 10:59:00 ཀློག་གྲངས།:

同德县庆祝州庆活动主打群众文化牌 首届牦牛文化节开幕
རྨ་ཆུའི་ནོར་ནག་རིག་གནས་དུས་སྟོན་སྟེང་གཡག་རྒྱུག་འགྲན་སྡུར་བྱེད་བཞིན་པ།

  ཟླ7པའི་ཚེས29ཉིན། མཚོ་ལྷོ་ཁུལ་འབའ་རྫོང་གིས་སྐབས་དང་པོའི་རྨ་ཆུའི་ནོར་ནག་རིག་གནས་དུས་སྟོན་དེ་རྨ་བྱང་ཡུལ་ཚོའི་གསེར་ཆེན་འགག་ཏུ་བསྡུས་ཤིང་། ཐེངས་འདིའི་དུས་སྟོན་སྟེང་གཡག་རྒྱུག་འགྲན་སྡུར་དང་། གླུ་གར་འཁྲབ་སྟོན། དམངས་སྲོལ་འགྲེམ་སྟོན་སོགས་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་བཤམས་པ་རེད།


གླུ་མ་སྒྲོན་པེས་སྙན་གླུ་ལེན་བཞིན་པ།

  ཐེངས་འདིའི་བྱ་འགུལ་ཁྲོད་ཡུལ་ལུང་སོ་སོ་ནས་ཡོང་བའི་གཡག་རྒྱུག་འགྲན་ཞུགས་པ་རྣམས་གཅིག་ཏུ་འཛོམས་ནས་གཡག་རྒྱུག་འགྲན་སྡུར་སྤེལ་པར་མ་ཟད། གླུ་བ་གངས་བཞུགས་དང་གླུ་བ་སྒྲོལ་མ་སྐྱབས། གླུ་མ་སྒྲོན་པེ་སོགས་མདོ་དབུས་ཁམས་གསུམ་ནས་ཡོང་བའི་བོད་ཀྱི་གླུ་བ་དང་གླུ་མ་རྣམས་གདན་འདྲེན་ཞུས་ནས་ཡུལ་དེའི་མང་ཚོགས་ལ་རྣ་བའི་བདུད་རྩི་རུ་འགྱུར་བའི་སྙན་གླུ་ཕུལ་བ་རེད།
  ཐེངས་འདིའི་རྨ་ཆུའི་ནོར་ནག་རིག་གནས་དུས་ཆེན་སྟེང་ད་དུང་ས་སྒྱེ་འཇོག་པ་དང་མིག་མངས་འདེབས་པ། རྡུང་ལེན་འགྲན་སྡུར་སོགས་སྲོལ་རྒྱུན་གྱི་འགྲན་སྡུར་མང་པོ་སྤེལ་ནས་འབའ་རྫོང་ཡུལ་གྱི་ཕུན་སུམ་ཚོགས་པའི་སྣོད་བཅུད་རིག་གནས་ཀུན་གྱི་མཐོང་ལམ་དུ་མངོན་པ་རེད།


བྱ་འགུལ་སྟེང་མིག་མངས་འགྲན་སྡུར་བྱེད་བཞིན་པ།

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།