འབའ་རྫོང་དུ་དམངས་གླུ་དང་འབྲོག་ཁུལ་གྱི་དམངས་རྩལ་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-03 08:34:00 ཀློག་གྲངས།:


འབའ་རྫོང་དུ་དམངས་གླུ་དང་དམངས་རྩལ་འགྲན་ཚོགས་བསྡུས་པ།

        ཟླ8པའི་ཚེས1ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བར། འབའ་རྫོང་གི་སྐབས་དང་པོའི་དམངས་གླུ་རིག་གནས་སྒྱུ་རྩལ་དུས་ཆེན་དང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་འབྲོག་པའི་དམངས་རྩལ་འགྲན་ཚོགས་འབའ་ཐང་རྩྭ་ཐང་དུ་གཟབ་རྒྱས་ངང་བསྡུས།

        རྒྱུས་ལོན་པ་ལྟར་ན།ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་དུས་ཡུན་གཉིས་གསུམ་ལ་སྤེལ་བ་ཡིན་ཞིང་། དེར་ཐག་འཐེན་དང་། རྟ་རྒྱུག་འགྲན་བསྡུར། གྱོན་ཆས་འཁྲབ་སྟོན། སྦྲ་ནག་ཞིབ་བསྡུར། གནའ་རྫས་འགྲེམ་སྟོན་སོགས་འགྲན་བསྡུར་རྣམ་གྲངས་དུ་མ་འདུས་ལ།  དེ་ཡང་བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་དང་། སྐྱེས་མའི་རྡུང་ལེན་དཀྲོལ་མཁན་བཀྲ་ཤིས་སྒྲོལ་མ། བོད་ཁུལ་ན་ཕུལ་དུ་བྱུང་བའི་འཁྲབ་སྟོན་སྒྱུ་རྩལ་པ་སོགས་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ལ་ཡུལ་དངོས་གཟིགས་མོ་བའི་དགའ་བསུ་རབ་ཏུ་འཁོལ་བྱུང་།

འབའ་རྫོང་དུ་དམངས་གླུ་དང་འབྲོག་ཁུལ་གྱི་དམངས་རྩལ་འགྲན་ཚོགས་བསྡུས་པ།

        འདི་ལྟ་བུའི་བྱ་འགུལ་སྤེལ་ཏེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། མང་ཚོགས་རྣམས་བྱ་འགུལ་ལ་ཞུགས་པའི་རང་འགུལ་རང་བཞིན་དང་། རང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་དུངས་པའི་འདུན་མའང་ཇེ་དྲགས་སུ་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།