སྐབས་དགུ་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་མཚོ་ལྷོར་བསྡུ་རྒྱུ་རེད།
སྐབས་དགུ་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་བསྡུ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
ཟླ8པའི་ཚེས10ཉིན། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཟི་ལིང་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་པ་ལྟར་ན་ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་རིགས་ཁག་གིས་མཉམ་དུ་གཙོ་སྒྲུབ་བྱེད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གིས་འགན་སྒྲུབ་བྱེད་པའི2013ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས་འགྲན་སྡུར་རམ་སྐབས་དགུ་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་དེ་ཟླ8པའི་ཚེས25ཉིན་གསེར་ཆེན་རྫོང་དུ་བསྡུ་རྒྱུ་ཡིན་ལ། སྐབས་ཐོག་དེར་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་ལ་གཞས་འགྲན་ཞུགས་པ70ལྷག་ལྷན་ཅིག་ཏུ་འཛོམས་ནས་ལ་གཞས་འགྲན་སྡུར་བྱ་རྒྱུ་ཡིན་པར་མ་ཟད། ཀྲུང་གོའི་མི་རིགས་རོལ་དབྱངས་སློབ་ཆེན་དང་། མི་རིགས་གླུ་གར་ཚོགས་པ་སོགས་ནས་རོལ་དབྱངས་ཀྱི་ཆེད་མཁས་གྲགས་ཅན་རྣམས་དཔྱད་འདེམས་པར་གདན་ཞུ་བྱ་རྒྱུ་རེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་སྟེང་བོད་ཀྱི་ལ་གཞས་འགྲན་སྡུར་བསྡུ་བའི་དམིགས་ཡུལ་ནི་བོད་ཁམས་ཀྱི་མཛའ་གཞས་དར་སྤེལ་དང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་བྱེད་པར་མ་ཟད། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ནས་ས་གནས་ཀྱི་རིག་གནས་མཚོན་རྟགས་ཤིག་བསྐྲུན་རྒྱུ་དེ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com