2013ལོའི་ལྷ་སའི་ཞོ་སྟོན་གྱི་རོལ་དབྱངས་མཐོ་རིམ་གླེང་སྟེགས་བསྡུས་པ།
2013ལོའི་ལྷ་སའི་ཞོ་སྟོན་གྱི་རོལ་དབྱངས་མཐོ་རིམ་གླེང་སྟེགས་བསྡུས་པ།
ཟླ8པའི་ཚེས10ཉིན། 2013ལོའི་ཀྲུང་ལྷ་སའི་ཞོ་སྟོན་གྱི་རོལ་དབྱངས་མཐོ་རིམ་གླེང་སྟེགས་ལྷ་ས་རུ་བསྡུས་ཤིང་། མཚོ་སྔོན་དང་ཡུན་ནན། བོད་ལྗོངས་བཅས་ནས་ཡོང་བའི་རོལ་དབྱངས་ཀྱི་ཆེད་མཁས་དང་། ཚིག་རྩོམ་མཁན། རོལ་མོ་བ་སོགས་ལྷན་ཅིག་ཏུ་འཛོམས་ནས། བོད་ལྗོངས་གཙོས་པའི་བོད་ཁམས་ཀྱི་རོལ་མོ་བ་རྣམས་ཀྱིས་མི་རིགས་ཀྱི་གླུ་གཞས་དང་། བྱེ་བྲག་ཏུ་བོད་ཀྱི་གླུ་གཞས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གྲོས་ཞིབ་རྒྱ་ཆེན་པོ་གནང་བ་རེད། དེར་མ་ཟད་ཡུལ་ཁོངས་སོ་སོའི་བོད་ཀྱི་དམངས་གླུའི་ཁྱད་ཆོས་དང་དབྱངས་རྟ། བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་དར་སྤེལ་དང་སྲུང་སྐྱོབ་སོགས་ནས་བགྲོ་གླེང་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com