2013ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཡོངས་སུ་མཇུག་རྫོགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-15 09:45:00 ཀློག་གྲངས།:

ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཡོངས་སུ་མཇུག་རྫོགས་པ།

        ཟླ8པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་། ཞོ་སྟོན་གྱི་མཚན་མོ་ཞེས་པའི་རོལ་དབྱངས་སྤྲོ་ཚོགས་ཆེན་མོ་དང2013ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོ་བོད་རང་སྐྱོང་ལྗོངས་གླུ་གར་ཁང་དུ་བསྡུས་ཤིང་། ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ལས་དུས་ཡུན་གཟའ་འཁོར་གཅིག་ཏུ་སྤེལ་བའི་ཞོ་སྟོན་དུས་ཆེན་བདེ་བླག་ངང་མཇུག་རྫོགས་པར་བྱས།
        མཚམས་སྦྱོར་བྱས་པ་ལྟར་ན། 2013ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་དེ་ཟླ8པའི་ཚེས6ཉིན་མགོ་བརྩམས་པ་ནས་བཟུང་སྔ་གཞུག་ཏུ་ལྷ་སའི་འབྲས་སྤུངས་དགོན་དང་དགའ་ལྡན་དགོན་པའི་གོས་སྐུ་བཤམས་པ་དང་། སྐབས་དང་པོའི་རྩྭ་ཐང་བུམ་པའི་ལྕགས་རྟ་འགྲན་བསྡུར། བོད་ཀྱི་ཟློས་གར་འཁྲབ་སྟོན། སྐབས་གསུམ་པའི་ཐང་ག་སྒྱུ་རྩལ་བཤམས་སྟོན་ཆེན་མོ་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།