2013ལོའི་བོད་ལྗོངས་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་ལྷ་སར་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-16 10:13:00 ཀློག་གྲངས།:

2013ལོའི་བོད་ལྗོངས་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་ལྷ་སར་སྤེལ།
2013ལོའི་བོད་ལྗོངས་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་ལྷ་སར་སྤེལ།

        ཟླ8པའི་ཚེས15ཉིན། 2013ལོའི་བོད་ལྗོངས་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་དེ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཐང་གའི་ཆེད་མཁས་པ་དང་།  ཤེས་ཡོན་པ། ལྷ་རིས་པ་རྣམས་གཅིག་ཏུ་འཛོམས་ཏེ་བོད་ལྗོངས་ཐང་གའི་ཐོན་ལས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ཐད་ནས་འཆར་ཇུས་དང་བསམ་ཚུལ་བརྗོད།
        གླེང་སྟེགས་སུ། སྒུ་མགྲོན་རྣམས་ཀྱིས་བོད་ལྗོངས་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་གནད་དོན། སྲོལ་རྒྱུན་ཐང་ག་དེ་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་པ་དང་ལམ་ཕྱོགས་སུ་ཇི་ལྟར་བསྐྱོད་པ། དེ་མིན་སྨྱན་བྱད་གསར་བའི་དུས་རབས་སུ་སྲོལ་རྒྱུན་སྒྱུ་རྩལ་དེ་ཇི་ལྟར་སྔར་ལས་ལྷག་པར་རྒྱུན་འཛིན་དང་འཕེལ་རྒྱས། འཛམ་གླིང་དུ་བསྐྱོད་པ་སོགས་ཀྱི་ཐད་ནས་གཏིང་ཟབ་པར་བགྲོ་གླེང་བྱས།
        བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱིས་བཤད་རྒྱུར། ཐང་གའི་ཐོན་ལས་འཕེལ་རྒྱས་ལ་མཚོན་ནས་བཤད་ན། ཐང་ག་བཞེངས་མཁན་གྱི་མི་ཇེ་མང་ནས་ཇེ་མང་དང་། ཐང་གའི་ནུས་རྩལ་ཡང་བསྟུད་མར་མཐོར་འདེགས་སུ་འགྲོ་ངེས་ལ། དེ་ནས་རྒྱལ་ཁབ་ཕྱི་ནང་དུ་སྒྲོག་སྤེལ་བྱེད་དགོས་པར་འདོད།
        བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ངག་དབང་འཇིགས་མེད་ཀྱིས། ཐང་གའི་འཕེལ་རྒྱས་དེ་ད་ལྟའི་བར་གནད་དོན་མི་ཉུང་བར་འཕྲད་ཡོད་དེ། མཚོན་ཐབས་ཀྱི་བརྗོད་གཞི་དང་། ཞབས་ཞུ་བྱ་ཡུལ་ཐད་ནས་ཀྱང་བསྒྱུར་བཅོས་ཅུང་ཙམ་ཡོད་དགོས་ཤིང་། འདི་ལྟ་བུའི་བྱ་འགུལ་སྤེལ་ཏེ་བོད་ལྗོངས་ཐང་གར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད་པར་དགེ་མཚན་ཆེན་པོ་ལྡན་ཟེར།
        ཐང་གའི་སྒྱུ་རྩལ་ནི་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་དང་། བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་གྱི་མཚོན་བྱེད་གཟེངས་སུ་ཐོན་པ་ཞིག་ཡིན། སྐབས་འདིའི་ཐང་གའི་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ལས་བོད་ལྗོངས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཐད་གོ་སྐབས་གསར་བ་འདྲེན་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།