ཐེམ་ཆེན་རྫོང་ནི་དམངས་གཞས་འཚོལ་བསྡུའི་བྱ་འགུལ་རྟེན་གཞི་དང་རྩོམ་རིག་གསར་རྩོམ་གྱི་རྟེན་གཞི་རུ་བདམས།
ཉེ་ཆར། ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པ་དང་མཚོ་ནུབ་ཁུལ་རྩོམ་པ་པོ་ལྷན་ཚོགས་འཁོར་དང་བཅས་པ་ཐེམ་ཆེན་རྫོང་དུ་བསྐྱོད་ནས་དམངས་གཞས་འཚོལ་སྡུད་ཀྱི་བྱ་འགུལ་སྤེལ་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལིག་པཱ་ཅིན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བསོད་ནམས་དོན་གྲུབ། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་འམ་ཀྲུའུ་ཞི། ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཟི་ཆིན་ཧྥུའུ་དང་ཁུལ་རྩོམ་པ་པོ་ལྷན་ཚོགས་ཀྱི་ཚོགས་མི་སྐོར་ཞིག་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཤིང་། ཚོགས་འདུ་ལ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་མགོ་འཛིན་གནང་ཞིང་། ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དག་ཐེངས་འདིའི་ཚོགས་འདུ་ལ་ཞུགས་ནས་བཞུགས་མོལ་བགྲོ་གླེང་བྱས།
ཐེམ་ཆེན་རྫོང་གི་ཡིད་དུ་འོངས་པའི་རི་ཆུའི་བཀོད་པ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ལྗོངས་རྒྱུ་ཡིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་གིན་ཡོད་ལ། རྩོམ་པ་པོ་གང་མང་དང་ཡུལ་སྐོར་བ་གང་མང་ཞིག་གི་བརྗེད་མི་ཐུབ་པའི་ཞབས་རྗེས་ཀྱི་རི་མོ་གནས་འདི་རུ་བཀོད་མྱོང་། ཚོགས་འདུའི་སྟེང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལིག་པཱ་ཅིན་གྱིས་ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པའི་འཐུས་ཚབ་བྱས་ཏེ་ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པའི་དམངས་གཞས་འཚོལ་བསྡུའི་བྱ་འགུལ་རྟེན་གཞིའི་སྒོ་བྱང་གནང་བ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་འམ་ཀྲུའུ་ཞི་ཟི་ཆིན་ཧྥུའུ་ཡིས་ཁུལ་རྩོམ་པ་པོ་ལྷན་ཚོགས་ཀྱི་འཐུས་ཚབ་བྱས་ཏེ་མཚོ་ནུབ་ཁུལ་རྩོམ་པ་པོ་ལྷན་ཚོགས་ཀྱི་རྩོམ་རིག་གསར་རྩོམ་རྟེན་གཞིའི་སྒོ་བྱང་གནང་ཞིང་། མཛད་སྒོའི་སྟེང་། རང་ས་ཁུལ་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་དག་གི་དཔེ་དེབ100ལྷག་གནང་སྦྱིན་བྱས་ཤིང་། ཐེངས་འདིའི་ཚོགས་འདུ་བརྒྱུད་ནས་ཐེམ་ཆེན་དྲིལ་སྒྲོག་དང་། ཐེམ་ཆེན་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཐོན་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com